藏文化 · 2019-12-18
འཇིགས་བྲལ་ཡེ་ཤེས་རྡོ་རྗེས།ཁྱད་པར་རྩ་བའི་བླ་མར་མོས་གུས་དང་།།དམ་ཚིག་གཅིག་པའི་མཆེད་ལ་བརྩེ་གདུང་དང་།།མ་གྱུར་འགྲོ་ལ་སྙིང་རྗེ་བྱང་སེམས་དང་།།འདུས་བྱས་མི་རྟག་བློ་སྣ་བསྟུང་བ་རྣམས།།ཆོས་པའི་གཏད་ནོར་བཞི་ཞེས་མེད་ཐབས་མེད།།ཅེས་གསུངས།
无畏智慧金刚尊者(第二世敦珠法王):
深信恭敬根本师,慈悯同坛诸道友,慈悲老母有情众,迫切观修法无常,修行四宝不可缺。
藏文化 · 2019-12-17
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས།དམ་ཆོས་སྲོག་ཕྱིར་མི་སྤོང་ཞིང་།།སྡིག་པའི་གྲོགས་ལ་མི་བསྟེན་པ།།ཆོས་སྨྲ་བ་ལ་སྐུར་མི་འདེབས།།སངས་རྒྱས་རྗེས་སུ་དྲན་སྒོམ་ན།།སངས་རྒྱས་རྣམས་དང་འཕྲད་པར་འགྱུར།།ཞེས་གསུངས།
觉涅扎巴夏智尊者:
舍命亦不舍正法,恒不依止恶劣友,永不诽谤说法师,随念观修佛陀者,必将值遇诸如来。
藏文化 · 2019-12-16
བློ་བཟང་འཕྲིན་ལས་ཀྱིས།འབངས་བདག་གི་ལུས་ངག་ཡིད་གསུམ་གྱིས།།ལས་བྱ་བ་གང་བརྩམས་དུས་རྟག་ཏུ།།བསྟན་འགྲོ་བ་ཡོངས་ལ་ཕན་པ་རུ།།རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་ལྷ།།ཞེས་གསུངས།
洛桑陈列尊者:
上师本尊加持我,我以身口意三门,所做一切恒成为,弘法利生之事业。
藏文化 · 2019-12-15
འཇིགས་བྲལ་ཡེས་ཤེས་རྡོ་རྗེས།རྣམ་རྟོག་ཤར་ན་ཤར་ཆུག་རང་གྲོལ་ཐོངས།།མ་ཤར་གནས་ན་གནས་ཆུག་རང་བབས་གློད།།ཉིན་མཚན་འོད་གསལ་ཁོར་ཡུག་འབྱམས་ཀླས་ཚེ།།འབྲས་བུ་ཕྱི་དུས་མི་རེ་ཨ་ལ་ལ།།ཞེས་གསུངས།
无畏智慧金刚尊者(第二世敦珠法王):
若起分别观其自解脱,不起分别安住自放松,昼夜处于光明不间断,不求后世果位阿啦啦。
藏文化 · 2019-12-14
དགྱེས་རྡོར་ལས།འཁོར་བ་སྤངས་ནས་གཞན་དུ་ནི།།མྱ་ངན་འདས་པ་རྟོགས་མི་འགྱུར།།ཅེས་གསུངས།
喜金刚:
除轮回他处,不可证涅槃。
藏文化 · 2019-12-13
སློབ་དཔོན་ཉི་འོད་སེང་གེས།འཁོར་བའི་ཆོས་ཞེས་བྱ་བ་གཞན་ཡུལ་ལོགས་ཤིག་ན་མེད་དོ།འཁོར་བའི་ཆོས་ཉིད་མྱང་ངན་ལས་འདས་པའི་དཀྱིལ་འཁོར་དེ་ལྟར་ཡིན།ཞེས་གསུངས།
阿阇梨日光狮子:
所谓轮回,不在他处,轮回的法性即涅槃坛城。
藏文化 · 2019-12-12
དཔལ་ས་ར་ཧས།ང་ཡིས་རྩེད་མོ་བྱས་པ་ལ།།བྱིས་པ་རྣམས་ནི་ཨ་ཐང་ཆད།།ཅེས་གསུངས།
萨热哈尊者:
我视世间为游戏,凡愚当真生痛苦。
藏文化 · 2019-12-11
མི་ཕམ་རིན་ཆེས།ཀུན་རྟོག་གི་གཡོ་བ་ཡོད་བཞིན་འོད་གསལ་གཡོ་མེད་ངོས་ཟིན་པ་འདི་རྫོགས་ཆེན་ངོ་སྤྲོད་ཀྱི་ཁྱད་ཆོས་ཡིན།ཞེས་གསུངས།
麦彭仁波切:
在分别念动摇的同时,认识无动摇的光明,这是直指大圆满的特法。
藏文化 · 2019-12-10
མཁན་ཏེ་པའི་ཞལ་ནས།ལུས་ཕུང་གྲོང་ཡུལ་གནས་གྱུར་ཀྱང་།།སེམས་ནི་དབེན་པའི་དོན་ལ་གནས།།བླ་མ་མ་བརྗེད་མོས་གུས་བརྩོན།།རང་རིག་མ་བཅོས་ཧུར་ཕྱུང་མཛོད།།ཅེས་གསུངས།
德巴堪布:
身蕴纵然住红尘,心性安住寂静处,莫忘上师常敬信,莫改自心了明然。
藏文化 · 2019-12-09
ཀློང་དྲུག་པ་ལས།འདི་ཀུན་བློ་ཡི་རིམ་པར་སྣང་།།རང་ངོ་ཀ་ནས་དག་པའོ།།ཞེས་གསུངས།
《六界续》:
此等意次现,本面本来净。
藏文化 · 2019-12-08
ཀློང་གསལ་ལས།གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ།།ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར།།སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱ་བའི་གནས།།ཞེས་གསུངས།
《明界续》:
雪山空谷山顶尸陀林,此类寂静清净之高处,乃有缘者修行之圣地。
藏文化 · 2019-12-08
མགོན་པོ་ཀླུ་སྒྲུབ་ཀྱིས།གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་།།ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན།།ཞེས་གསུངས།
龙猛菩萨:
持邪见者纵行善,亦受难忍之苦报。
藏文化 · 2019-12-07
ཨོ་རྒྱན་ཆེན་པོས།ལར་ལྟ་བ་ནམ་མཁའ་ལས་ཀྱང་མཐོ།།ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ།།ཅེས་གསུངས།
莲师:
是故见比虚空高,取舍因果较粉细。
藏文化 · 2019-12-05
དད་བསྐྱེད་སྒྲོན་མེ་ལས།ནོར་དང་རྫས་ནི་ཤིང་གའི་བྱེའུ་ཆུང་འདྲ། །མི་རྟག་ངེས་ཀྱིས་ཆགས་སེམས་གཉེན་པོས་ཆོད། །སྐྱིད་སྡུག་མི་རྟག་ཁ་སོང་དི་རིང་འདྲ། །ཞེས་གསུངས།
《起信灯论》:
财富如同树上鸟,必定无常勿贪恋,苦乐无常如昨今……
藏文化 · 2019-12-04
དད་བསྐྱེད་སྒྲོན་མེ་ལས།རང་གི་ཚེ་ནི་གད་ཁའི་ཤིང་བུ་འདྲ། །འཆི་བདག་བདུད་ནི་གད་རྩིའི་ཆུ་བོ་འདྲ། །ཞེས་གསུངས།
《起信灯论》:
寿命犹如河坎树,死魔则同坎下水。
藏文化 · 2019-12-03
དད་བསྐྱེད་སྒྲོན་མེ་ལས །རིགས་དྲུག་སེམས་ཅན་ནད་ལ་གྲངས་རེ་མང་། །དུག་ལྔ་དུག་གསུམ་ནད་ཀྱི་དབལ་རེ་ཚ། །ཐོག་མཐའ་མེད་པ་ནད་ཀྱི་ཡུན་རེ་རིང་། །ཅེས་གསུངས།
《起信灯论》:
六道众生病极多,五毒三毒病猛烈,无始无终时漫长。
藏文化 · 2019-12-02
མདོ་ལས།ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར།།དེ་སྲིད་སྐུ་གཉིས་དམ་པ་དེ་ནི་ཐོབ་མི་འགྱུར།།ཞེས་གསུངས།
佛经:
若未圆满殊胜二资粮,则不获得殊胜二身果。
藏文化 · 2019-12-01
རྒྱུད་དོན་མདོར་བསྡུས་ལས།རང་སྣང་བསམ་པ་མ་དག་པས།།མིག་སྐྱོན་ཅན་གྱི་གངས་ཉིད་ལ།།རྒྱུན་དུ་ནག་པོར་མི་སྲིད་ཀྱང་།།ནག་པོར་དངོས་མཐོང་དང་མཚུངས།།ཞེས་གསུངས།
《略摄续义》:
自现心未净,如具眼翳者,白雪本无黑,却亲睹为黑。
藏文化 · 2019-11-30
ས་སྐྱ་ལེགས་བཤད་ལས།མི་གང་གཞན་དོན་གཙོར་བྱས་ན།།གཡོ་ཅན་རང་དོན་སྒྲུབ་དང་འདྲ།།རང་དོན་འབའ་ཞིག་གཙོར་བྱེད་པ།།གཞན་མགོ་འདོན་ཕྱིར་དྲང་བ་འདྲ།།ཞེས་གསུངས།
《萨迦格言》:
何人利他为重者,倒如狡者为私利,一切利己为重者,倒如利他真诚者。
藏文化 · 2019-11-28
ཤེས་རབ་སྡོང་བུ་ལས།དེ་བས་ཤིན་ཏུ་མི་བཟད་པའི།།འཆི་བ་ངེས་པར་འབྱུང་འགྱུར་བས།།འདོད་པ་རྣམས་ལ་སེམས་བཟློག་ལ།།དམ་པའི་ཆོས་ལ་དགའ་བར་གྱིས།།ཞེས་གསུངས།
《智慧树》:
难忍之死亡,必定将出现,故断诸贪欲,于法生欢喜。