纽约佛学会

法语

上师在微信与微博上的文字 · 按时间倒序

藏文化 · 2020-02-23

ལོ་སར་བཟང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་རྡོ་རྗེའི་གསུང་།

藏文化 · 2020-02-19

ས་ཡི་སྙིང་པོའི་རྩ་བའི་སྨོན་ལམ་གྱི་མདོ་ལས།སྐྱེས་བུ་ཆེན་པོ་འདི་ནི་འཛམ་བུ་གླིང་གི་སེམས་ཅན་རྣམས་ལ་ཡང་ལས་ཀྱི་འབྲེལ་བ་ཁྱད་པར་ཅན་ཡོད་པས། སེམས་ཅན་གང་ཞིག་གིས་བྱང་ཆུང་སེམས་དཔའ་འདིའི་མཚན་ཐོས་པ་དང་། བྱང་ཆུབ་སེམས་དཔའ་འདིའི་སྐུ་གཟུགས་མཇལ་བ་ནས་བཟུང་། ཐ་ན་མདོ་སྡེ་འདིའི་ཡིག་འབྲུ་གསུམ་མམ། ཡིག་འབྲུ་ལྔའམ། ཡང་ན་ཚིག་གཅིག་གམ། ཚིགས་བཅད་གཅིག་ཐོས་པར་གྱུར་ན། དེ་ནི་ཚེ་འདིར་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་མ་འོངས་འཇིག་རྟེན་དུ་ཡང་ཚེ་རབས་བརྒྱ་ཕྲག། སྟོང་ཕྲག ། ཁྲི་ཕྲག་རྣམས་སུ་གཟུགས་བྱད་ཕུན་སུམ་ཚོགས་པར་འགྱུར་བ་དང་། རིགས་བཟང་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། ཞེས་གསུངས། 《地藏经》云:“阎浮众生,于此大士(指地藏菩萨),有大因缘。是诸众生,闻菩萨名,见菩萨像,乃至闻是经三字五字,或一偈一句者,现在殊妙安乐,未来之世,百千万生,常得端正,生尊贵家。”

藏文化 · 2020-02-08

ས་ཡི་སྙིང་པོའི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་སྐུ་གཟུགས་མཐོང་བ་དང་། མདོ་སྡེ་འདི་ཐོས་པ་དང་། མདོ་སྡེ་འདི་བཀླགས་པ་དང་། བློར་ཆུད་པ་དང་། སྤོས་དང་། མེ་ཏོག་དང་། བཟའ་བཏུང་དང་། གོས་དང་། རིན་པོ་ཆེ་ལ་སོགས་པས་སྦྱིན་པའམ་མཆོད་པ་འབུལ་བ་དང་། བསྟོད་ཅིང་བསྔགས་པ་དང་། བལྟ་བ་དང་། གུས་པས་ཕྱག་འཚལ་བར་བྱས་ན། ཕན་ཡོན་ཉེར་བརྒྱད་ཐོབ་པ་སྟེ། གཅིག ། ལྷ་ཀླུ་རྣམས་ཀྱིས་དགོངས་ཤིང་སྲུང་བ་དང་། གཉིས། དགེ་བའི་འབྲས་བུ་ཉིན་རེ་བཞིན་འཕེལ་བ་དང་། གསུམ། ཐར་བ་ཆ་མཐུན་གྱི་དགེ་རྩ་འགྲུབ་པ་དང་། བཞི། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། ལྔ། ཟས་གོས་ཕུན་སུམ་འཚོགས་པར་འགྱུར་བ་དང་། དྲུག ། ནད་དང་རིམས་ནད་མི་འབྱུང་བ་དང་། བདུན། མེ་ཆུའི་འཇིགས་པ་རྣམས་ཞི་བ་དང་། བརྒྱད། ཆོམ་རྐུན་གྱི་གནོད་པ་མེད་པ་དང་། དགུ ། མི་རྣམས་ཀྱིས་མཐོང་ན་དགའ་ཞིང་གུས་པ་དང་། བཅུ། ལྷ་འདྲེ་རྣམས་ཀྱིས་སྡོང་གྲོགས་བྱེད་པ་དང་། བཅུ་གཅིག ། བུད་མེད་ཀྱི་ལུས་རྟེན་སྐྱེས་པར་འགྱུར་བ་དང་། བཅུ་གཉིས། རྒྱལ་པོ་དང་བློན་པོའི་སྲས་མོར་འགྱུར་བ་དང་། བཅུ་གསུམ། གཟུགས་བྱད་མཛེས་ཤིང་ལྟ་ན་སྡུག་པ་དང་། བཅུ་བཞི། ལྷ་ཡུལ་ལ་མང་དུ་སྐྱེ་བ་དང་། བཅོ་ལྔ། ཡུལ་འཁོར་སྲུང་བའི་རྒྱལ་པོར་འགྱུར་བ་དང་། བཅུ་དྲུག ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་ལྡན་པ་དང་། བཅུ་བདུན། རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། བཅོ་བརྒྱད། ཉེ་འཁོར་རྣམས་དགའ་ཞིང་མཐུན་པ་དང་། བཅུ་དགུ། དུས་མ་ཡིན་པའི་འཇིགས་པ་རྣམས་ཞི་བ་དང་། ཉི་ཤུ། ལས་ཀྱི་ལམ་ཡོངས་སུ་ཟད་པ་དང་། ཉེར་གཅིག ། གང་དུ་བགྲོད་ཀྱང་ཐོགས་པ་མེད་པ་དང་། ཉེེར་གཉིས། མཚན་མོའི་རྨི་ལམ་བདེ་ཞིང་སྐྱིད་པ་དང་། ཉེར་གསུམ། ཤི་བོ་རྣམས་སྡུག་བསྔལ་དང་བྲལ་བ་དང་། ཉེར་བཞི། ཚེ་རབས་སྔ་མའི་བསོད་ནམས་ཀྱིས་སྐྱེ་བ་ལེན་པ་དང་། ཉེར་ལྔ། འཕགས་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པ་དང་། ཉེར་དྲུག ། སྤྱང་གྲུང་འཛོམས་ཤིང་དབང་པོ་རྣོ་བ་དང་། ཉེར་བདུན། བྱམས་དང་སྙིང་རྗེས་སེམས་རྒྱུད་ཕྱུག་པ་དང་། ཉེར་བརྒྱད། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ། །ཞེས་གསུངས། 《地藏经》云: “若未来世,有善男子、善女人,见地藏形像,及闻此经,乃至读诵,香华、饮食、衣服、珍宝布施供养,赞叹瞻礼,得二十八种利益:一者、天龙护念,二者、善果日增,三者、集圣上因,四者、菩提不退,五者、衣食丰足,六者、疾疫不临,七者、离水火灾,八者、无盗贼厄,九者、人见钦敬,十者、神鬼助持,十一者、女转男身,十二者、为王臣女,十三者、端正相好,十四者、多生天上,十五者、或为帝王,十六者、宿智命通,十七者、有求皆从,十八者、眷属欢乐,十九者、诸横消灭,二十者、业道永除,二十一者、去处尽通,二十二者、夜梦安乐,二十三者、先亡离苦,二十四者、宿福受生,二十五者、诸圣赞叹,二十六者、聪明利根,二十七者、饶慈愍心,二十八者、毕竟成佛。”

藏文化 · 2020-01-31

ད་རུང་ཡར་འགྲོ་མར་འགྲོ་མི་བྱེད་པར་མཚམས་ལ་བསྡད་ན་དགའ་ས་རེད།མི་སུ་ལའང་མི་འཕྲད་པར་གཟབ་ན་དགའ་ས་རེད། 现在还不能到处乱跑,最好是“闭关”,跟谁都不接触,格外谨慎为好。 紧急扩散!这235个车次、航班发现患者,急寻同行人!

藏文化 · 2020-01-30

བདག་གིས་དེ་རིང་ནས་བཟུང་ཉིན་བཅུ་ཚུན་ཆོད་ལ་བོའུ་ཧན་གྲོང་ཁྱེར་གཙོས་མི་ཤི་གསོན་རྣམས་ལ་མ་ཎི་འབུམ་ཐེར་ཞིག་འདོན་རྒྱུ་ཡིན།རྣམ་པ་ཚོས་ཀྱང་དེ་ལྟར་འདོན་རྒྱུ་མ་འཆུག—ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ 我想从今天开始,10天内为以武汉为主的众生,念十万遍观音心咒“嗡玛尼贝美吽舍”。如果你想,也可以一起。

藏文化 · 2020-01-29

མཁན་བསོད་དར་རྒྱས་ཀྱིས་བཤད་པའི་གློ་ཚད་གསར་བའི་སྐོར་གྱི་སྐད་ཆ་བསྡུས་པ། 致藏族老乡的一段话——索达吉堪布谈新型冠状病毒肺炎

藏文化 · 2020-01-12

དུས་འཁོར་རྩ་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག ། ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། ། བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས། ། ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། ། ཞེས་གསུངས། 《时轮金刚根本续》: 上师圆寂年月日,若于此时供养者,摧毁累劫所造罪,解脱恐怖阎罗城。 索达吉藏文化的微博视频

▶ 在微博观看视频

藏文化 · 2020-01-10

བླ་མ་མཁྱེན། ཆོས་རྗེ་བླ་མའི་རྣམ་ཐར་བསྡུས་པ། བརྙན་སྐད་རིགས་གསུམ། 纪念法王 (汉藏英三语)

藏文化 · 2019-12-31

བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས།བདག་ནི་དམྱལ་བར་མི་འགྲོ་བར།།གཞན་དག་སུ་ཞིག་དམྱལ་བར་འགྲོ།།ཇི་སྲིད་དམྱལ་བ་མ་སྟོང་བར།།དེ་སྲིད་བར་དུ་འཚང་མི་རྒྱ།།ཞེས་གསུངས། 地藏王菩萨: 我不入地狱,谁入地狱,地狱不空,誓不成佛。

藏文化 · 2019-12-30

མི་ཕམ་རིན་པོ་ཆེས།རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་གསུངས། 麦彭仁波切: 愿本传师加持入心中,本尊摄受获得诸悉地,空行护法如影随行身,所想任运自成普吉祥!

藏文化 · 2019-12-29

དུས་མཐའི་སྨོན་ལམ་ལས།སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ། །མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་། །མཇལ་ནས་རྣམ་པ་ཀུན་ཏུ་མཉེས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །ཅེས་གསུངས། 《末世愿文》: 愿我无论生何处,遇善知识令生喜,获得无误大乘道,具足闻思修智慧。

藏文化 · 2019-12-28

རྣམ་པར་རྒྱལ་བའི་དུས་གཏམ་ལས།ལམ་ཡང་ཟབ་འོད་གསལ་སྙིང་པོ་ཡི། །ཚིག་ཐོས་པས་སྲིད་རྩ་ཧྲུལ་བོར་བྱེད། །གནད་བསྒོམས་ན་ཟླ་བ་དྲུག་གིས་གྲོལ། །འདི་ཁོ་ན་སྙིང་གི་དཔལ་བེར་སྟིམས།།ཞེས་གསུངས། 《胜利道歌》: 甚深光明大圆满,仅闻词句断有根,六月修要得解脱,唯此铭刻于心中。

藏文化 · 2019-12-27

12.27 སེམས་ཀྱི་གདར་ཤ་གཅོད་པའི་གདམས་པ་ལས།བདེ་སྡུག་གང་མྱོང་སེམས་ལ་རགས་ལས་ཏེ། །གང་ཞིག་བུ་རུ་བཟུང་ན་དེ་ཤི་འགྱོད། །གང་ཞིག་དགྲ་རུ་བཟུང་ན་དེ་ཤི་དགའ། །དངོས་པོའི་སྟེང་ན་བདེ་སྡུག་ཡེ་གྲུབ་མེད། །ཅེས་གསུངས། 《探寻心性之教言》: 一切苦乐由心生,何人执子子亡苦,何人执敌敌亡乐,诸法本来无苦乐。

藏文化 · 2019-12-26

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་རྒྱལ་དབྱངས་ཐོས་པ་དགའ་བསྐྱེད་ལས།ཁྲིམས་ལྡན་སྡེ་སྣོད་འཛིན་པའི་འདབ་སྟོང་གི་ཚོགས་ཀྱིས། །དབྱིག་འཛིན་ཡངས་པོའི་ཁྱོན་ཀུན་དོག་པོ་རུ་བགྱིད་སྐབས། །རྒྱུ་སྐར་ཚོགས་ཀྱིས་རང་གནས་འཆོར་བ་ལ་འཚེར་ནས། །འདར་ཞིང་འགྲོ་འོང་ཚབ་ཚུབ་བྱེད་པ་འདི་མཐོང་ངམ། །རྡོ༵་རྗེ༵་བདུད༵་འཇོ༵མས་ནག་ཕྱོགས་གཤེད་མ་རུ་ཆས་སྐབས། །ལྷ་མིན་ཚོགས་ཀྱང་ལྷ་ཡི་སྤྱོད་ཚུལ་ལ་མོས་ནས། །རྒྱལ་བསྟན་གཞིར་བཞེངས་སློང་བའི་མཛའ་གྲོགས་སུ་གྱུར་བའི། །སྡར་མ་མཐོང་བའི་གྲུབ་རྟགས་མངོན་སུམ་དུ་སྣང་འདུག །རླུང་སེམས་དྷཱུ་ཏིར་བསྟིམས་པའི་ལག་རྗེས་ལས་འོངས་པའི། །མཆོག་དམན་བར་མའི་འགྲོ་ཚོགས་བདག་དབང་དུ་གྱུར་ཏེ། །ཀུན་ཀྱང་བྱང་ཆུབ་སྒྲུབ་ལ་སྙིང་སྟོབས་ཤིག་སྐྱེས་ནས། །ལུས་ངག་དལ་དུ་མེད་པའི་ངང་ཚུལ་འདི་གཟིགས་སམ། །ཞེས་གསུངས། 法王晋美彭措《胜利妙音·闻而生喜》: 见否具戒信众如繁花,无边辽阔大地难容纳,繁星惟恐丧失自处所,瑟瑟发抖来去慌张张? 降魔金刚惩治邪恶时,阿修罗众虔信善法行,成为兴起佛法良友伴,此乃前所未见成就相。 风心融入中脉之征象,感化上上下下诸群生,悉皆发心修行菩提道,身语不懈此情汝见否?

藏文化 · 2019-12-25

དཀོན་མཆོག་གསུམ་གྱི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ། །ཅིར་ཡང་སྤྲུལ་སྐུ་ལ། །གུས་པས་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས། །སྒྲུབ་པའི་འཕགས་ལམ་བརྒྱད། །བསྟན་པའི་གསུང་རབ་ལ། །གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་རྣམས་དང་། །དགྲ་བཅོམ་དག་ལ་སོགས། །རང་སངས་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། 世亲论师《三宝赞》: 南无三宝尊,无缘之法身,受用圆满身,显现化身前,恭敬而顶礼。清净法性界,修行八圣道,圣教典籍前,恭敬而顶礼。一切诸菩萨,所有阿罗汉,及诸缘觉前,恭敬而顶礼。

藏文化 · 2019-12-24

སློབ་དཔོན་མ་ཏི་ཙི་ཊའི་དཀོན་མཆོག་གསུམ་གྱི་བསྟོད་པ་ལས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་བདག་ཕྱག་འཚལ། །ཞེས་གསུངས། 阿阇梨马德孜达《三宝赞》: 顶礼三宝尊,顶礼主佛尊,顶礼救法尊,顶礼大僧尊,我恒礼三宝。

藏文化 · 2019-12-23

ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལས། རྟོག་པའི་བུད་ཤིང་ལ་མཆེད་པའི། །ཁྲོ་བའི་མེ་ཡིས་འགྲོ་བ་བསྲེག །དང་པོར་བདག་ཉིད་སྲེག་བྱེད་ལ། །གཞན་དག་སྲེག་པའམ་ཡང་ན་མིན། །ཞེས་གསུངས། 《善说箧谭》: 分别薪为因,嗔火焚众生,首先烧自身,或波及他众。

藏文化 · 2019-12-22

ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལས། ཞེ་སྡང་བྲལ་བར་མ་གྱུར་ན། །ཇི་སྲིད་འཚོ་བར་གནོད་དང་བཅས། །ཁྲོ་བ་གཅིག་པུ་བཅོམ་པ་ཡིས། །རྣམ་པར་སྡང་བ་ཐམས་ཅད་བཅོམ། །ཞེས་གསུངས། 《善说箧谭》: 若未离嗔心,生活定受损,若唯摧嗔心,一切损则灭。

藏文化 · 2019-12-21

འཕགས་པ་འོད་དཔག་མེད་བཀོད་པ་ཞེས་བྱ་བའི་མདོ་ལས། སངས་རྒྱས་ཚེ་དཔག་མེད་ཀྱིས་ལུང་བསྟན་པ། །ངས་ནི་སྔོན་ཚེ་སྨོན་ལམ་འདི་སྐད་བཏབ། །སེམས་ཅན་དག་གིས་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །ཅེས་གསུངས། 《圣无量光庄严大乘经》: 无量光佛授记云:我已往昔发宏愿,何人听闻我名号,必将前往我刹土,我之善愿已圆满,众多世界诸众生,皆会来至我刹土,彼等一生不退转。

藏文化 · 2019-12-19

ཁྲོ་བོ་བདུད་རྩི་འཁྱིལ་བའི་རྒྱུད་ལས།བྱང་ཆུབ་སེམས་ཀྱི་དོན་རྟོགས་ན།།ཞི་ཁྲོ་རང་གི་བྱང་ཆུབ་སེམས།།ཞེས་གསུངས། 《忿怒甘露旋续》: 若证菩提心之义,文武诸尊即此心。