纽约佛学会

法语

上师在微信与微博上的文字 · 按时间倒序

藏文化 · 2018-05-27

ཆགས་མེད་རིན་པོ་ཆེས།ད་ཚུར་ལྟོས་རང་གི་སེམས་ལ་ལྟོས།།སེམས་བལྟས་པས་མི་མཐོང་སྟོང་པ་ཉིད།།དེ་མཐོང་བའི་ངང་ལ་ལྷོད་ཀྱིས་གློད།།ཆོས་ཕྱག་རྒྱ་ཆེན་པ་ོལོགས་ན་མེད།།ཅེས་གསུངས། 乔美仁波切: 当下内观观自心,观心不见即空性,见性彼中自放松,别无余大手印法。

藏文化 · 2018-05-26

མདོ་སྡེ་པད་དཀར་ལས།མང་དུ་ཐོས་ཤིང་འཇིགས་མེད་སྣ་ཚོགས་བརྗོད།།རྟག་ཏུ་མི་སྐྱོ་ཡང་དག་དགའ་བར་བྱེད།།ཅེས་གསུངས། 《法华经》: 志念力坚固,常勤求智慧,说种种妙法,其心无所畏。

藏文化 · 2018-05-25

མི་ཕམ་རྒྱ་མཚོའི་བྱིན་རླབས་སྙིང་ལ་ཞུགས།།ཀུན་བཟང་བླ་མའི་བཀའ་ལུང་གནད་དུ་སྨིན།།འཇིགས་མེད་བླ་མའི་མན་ངག་ཡིད་ལ་སུམ།།འཇམ་དབྱངས་གྲུབ་པའི་བློ་གྲོས་ལ་གསོལ་བ་འདེབས།། 德巴堪布祈祷文: 麦彭上师加持入心间,根桑上师教传无二得, 晋美上师窍诀融于意,祈祷嘉扬智比罗珠尊。

藏文化 · 2018-05-24

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།བལྟས་ན་སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་གྱི་ཕུན་ཚོགས།།ཐོབ་ན་རང་རང་སྐབས་ཀྱི་སྡུག་བསྔལ་རེ་འདུག་པས།།འཕྲལ་སྣང་བདེ་བའི་གནས་སྐབས་རྨི་ལམ་ཙམ་སོང་རྗེས།།ཅིས་ཀྱང་རང་སེམས་སྐྱོ་བའི་རྐྱེན་སྣང་རེ་འདུག་གོ།།ཞེས་གསུངས། 根登群佩: 看似令人快乐的世间美满,得到后会有各自的痛苦,如梦般的短暂快乐结束后,总有让你厌烦的因缘出现。

藏文化 · 2018-05-23

རྩ་བ་ཤེས་རབ་ལས།གང་གིས་རྟེན་ཅིང་འབྲེལ་བར་འབྱུང་།།འགག་པ་མེད་པ་སྐྱེ་མེད་པ།།ཆད་པ་མེད་པ་རྟག་མེད་པ།།འོང་བ་མེད་པ་འགྲོ་མེད་པ།།ཐ་དད་དོན་མིན་དོན་གཅིག་མིན། སྤྲོ་པ་ཉེ་བར་ཞི་བསྟན་པ།།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།།དམ་པ་དེ་ལ་ཕྱག་འཚལ་ལོ།།ཞེས་གསུངས། 《中论》: 不生亦不灭,不常亦不断,不一亦不异,不来亦不去。 能说是因缘,善灭诸戏论,我稽首礼佛,诸说中第一。

藏文化 · 2018-05-22

རིན་ཆེན་ཕྲེང་བ་ལས།རྗེའུ་ཚོང་སུམ་བརྒྱའི་ཁ་ཟས་དག།ཉིན་རེ་དུས་གསུམ་བྱིན་པས་ཀྱང་།བྱམས་པ་ཡུདཙམ་ཐང་ཅིག་གི།བསོད་ནམསདག་ལ་ཆར་མི་ཕོད།།ཞེས་གསུངས། 《中观宝鬘论》: 每日三时施,三百罐饮食,不及须臾间,修慈一分福。

藏文化 · 2018-05-21

ཚད་མ་རིགས་གཏེར་ལས།བྱམས་སོགས་བདག་དང་མི་འགལ་ཕྱིར།།འཁོར་བའི་རྩ་བ་གཅོད་ནུས་མིན།།བདག་མེད་བདག་དང་འགལ་བས་ན།།བདག་མེད་མཐོང་བས་དེ་སུན་འབྱིན།།ཞེས་གསུངས། 《量理宝藏论》: 慈等与我不相违,因非能断轮回根。无我与我相违故,现见无我彼即除。

藏文化 · 2018-05-20

མགོན་པོ་ཀླུ་སྒྲུབ་ཀྱིས།གདོད་ནས་སྐྱེ་མེད་ཆོས་ཉིད་འདི།།བློ་ཡི་གཏིང་ནསརྟོགས་གྱུར་ན།།འཁོར་བའི་འདམ་དུ་བྱིང་བ་ལ།།སྙིང་རྗེ་ངང་གིས་སྐྱེ་བར་འགྱུར།།ཞེས་གསུངས། 龙猛菩萨: 本来无生之法性,若已通达其意义,于沉轮回淤泥众,自然生起大悲心。

藏文化 · 2018-05-19

བདེ་མཆོག་རྩ་རྒྱུད་ལས།སེམས་ཅན་མོས་པ་བསམ་མི་ཁྱབ།།སངས་རྒྱས་རོལ་བ་བསམ་མི་ཁྱབ།།རང་གི་གཞུང་དང་མ་མཐུན་ཡང་།།སྨོད་ཅིང་སྤང་བར་མི་བྱ་སྟེ།།ནམ་ཞིག་གོ་བར་སྨོན་ལམ་ཐོབ།།ཅེས་གསུངས། 《胜乐金刚续》: 众生意乐不思议,佛陀游舞不思议,虽与自宗不相同,不可诋毁而舍弃,发愿一朝能通达。

藏文化 · 2018-05-18

མདོ་ཏིང་འཛིན་རྒྱལ་པོ་ལས།ཐུབ་པའི་སྐུ་ནི་མཚན་གྱིས་རབ་བ྄རྒྱན་པ།།འཆག་ཅིང་འདུག་དང་འགྲེང་དང་ཉལ་བ་ན།།གང་ཞིག་ཐུབ་པའི་དབང་པོདྲན་བྱེད་པ།།དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས།།ཞེས་གསུངས། 《三摩地王经》: 妙相庄严之佛像,无论行住与坐卧,何人观想彼佛陀,佛于彼前恒安住。

藏文化 · 2018-05-17

མདོ་རྒྱན་ལས།ཇི་ལྟར་བློ་ལྡན་སེམས་ཅན་ལ།།རབ་ཏུ་བྱམས་པར་གྱུར་བ་ལྟར།།སེམས་ཅན་བདག་དང་ཆུང་མ་དང་།།བུ་བཤེས་གཉེན་ལ་དེ་ལྟ་མིན།།ཞེས་གསུངས། 《经庄严论》: 犹如具慧者,极慈诸有情,众生于自妻,子亲非如是。

藏文化 · 2018-05-16

སློབ་དཔོན་ཀླུ་སྒྲུབ་ཀྱིས།གར་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག།བཅས་བཅོས་མ་བྱས་རང་བབ་ལྷུག་པར་ཞོག།མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད།།དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན།།ཞེས་གསུངས། 龙猛菩萨: 不要分别勿思维,不要改造自然住,不改无生之宝藏,三世诸佛之足迹。

藏文化 · 2018-05-15

སློབ་དཔོན་དབྱིག་གཉེན་གྱིས།སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།།དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།དེ་ཉིད་མ་མཐོང་རང་དགར་གྱུར་བ་ཡི།།ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།།ཞེས་གསུངས། 世亲论师: 本师世目今已闭,堪作证者多入灭,未见真谛放肆者,以邪分别乱佛教。

藏文化 · 2018-05-14

རྒྱད་བླ་མ་ལས།གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི།དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།།ཐར་བ་ཐོབ་པའི་ལམ་དང་རྗེ་འབྲེལ་ན།།དེ་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས།།ཞེས་གསུངས། 《宝性论》: 何人一心为佛法,无有散乱意宣说,相合获得解脱道,当如佛语作顶戴。

藏文化 · 2018-05-13

ཚོམས་ལས།སྡིག་པ་ཆུང་ངུ་བྱས་གྱུར་ཀྱང་།།འཇིག་རྟེན་ཕ་རོལ་སྡུག་བསྔལ་ཐོབ།།བསོད་ནམས་ཆུང་ངུ་བྱས་གྱུར་ཀྱང་།།འཇིག་རྟེན་ཕ་རོལ་བདེ་བ་ཐོབ།།ཞེས་གསུངས། 《因缘品》: 虽造微小罪,来世受痛苦,虽积微小福,来世得安乐。

藏文化 · 2018-05-12

འཕགས་པ་ཀླུ་སྒྲུབ་ཀྱིས།གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ན།།ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད།།གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང་།།ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན།།ཞེས་གསུངས། 龙猛菩萨: 若欲趋善趣,当修习正见,邪见者行善,其果亦难忍。

藏文化 · 2018-05-11

ཨོ་རྒྱན་ཆེན་པོས།མི་ངན་ཚིག་ནི་དུག་གི་སྡོང་པོ་འདྲ།།གར་ཕོག་ས་ན་དུམ་རེ་ཆད་དུ་འགྲོ།།ཞེས་གསུངས། 莲花生大士: 恶人之语如毒树,触于何处断一节。

藏文化 · 2018-05-10

མདོ་སྡེ་པད་དཀར་ལས།མང་དུ་ཐོས་ཤིང་འཇིགས་མེད་སྣ་ཚོགས་བརྗོད།།རྟག་ཏུ་མི་སྐྱོ་ཡང་དག་དགའ་བར་བྱེད།།ཅེས་གསུངས། 《法华经》(鸠摩罗什译): 志念力坚固,常勤求智慧,说种种妙法,其心无所畏。

藏文化 · 2018-05-09

སློབ་དཔོ་ན་དབྱིག་གཉེན་གྱིས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།།དེ་འཛིན་བྱེད་པ་སྨྲ་བྱེད་དང་།།སྒྲུབ་པར་བྱེད་པ་ཁོ་ན་ཡིན།།ཞེས་གསུངས། 世亲论师: 佛之妙法有二种,教法证法之体性,持教法者唯讲经,持证法者唯修行。

藏文化 · 2018-05-08

ཨོ་རྒྱན་རིན་པོ་ཆེས།སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ།།ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ།།སྣང་ནི་འཁོར་འདས་ཐེག་པ་སྣ་ཚོགས་སྣང་།།ཞེས་གསུངས། 莲花生大士: 心为明明清清,有则一无所有,现则轮涅诸乘。