གུང་ཐང་བསྟན་པའི་སྒྲོན་མེས།རྩ་བ་བསོད་ནམས་མེད་གྱུར་ན།།བསགས་པས་དབུལ་བ་མི་སེལ་ཏེ།།སྡོང་པོ་རླན་དང་བྲལ་བལ།།ཡལ་ག་ཆུ་བོས་བྱུགས་ཀྱང་ཅི།།ཞེས་གསུངས། 贡塘丹毕准美: 无有根本福德,积财无法除贫,树干离开湿润,树枝浇水何用?

上师在微信与微博上的文字 · 按时间倒序
གུང་ཐང་བསྟན་པའི་སྒྲོན་མེས།རྩ་བ་བསོད་ནམས་མེད་གྱུར་ན།།བསགས་པས་དབུལ་བ་མི་སེལ་ཏེ།།སྡོང་པོ་རླན་དང་བྲལ་བལ།།ཡལ་ག་ཆུ་བོས་བྱུགས་ཀྱང་ཅི།།ཞེས་གསུངས། 贡塘丹毕准美: 无有根本福德,积财无法除贫,树干离开湿润,树枝浇水何用?

ཀུན་མཁྱེན་མི་ཕམ་པས།མ་བསླབ་ཁ་རོག་འདུག་པ་ལ།།ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད།།མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན།།བརྩོན་པས་དཀའ་བ་དང་དུ་ལོངས།།ཞེས་གསུངས། 全知麦彭仁波切: 无精打采不学者,纵过百年无上进,若欲获得智者位,则当刻苦勤奋学。

རིགས་པ་དྲུགཅུ་པ་ལས།དགེ་བ་འདི་ཡིས་སྐྱེ་བོ་ཀུན།།བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་།།བསོད་ནམས་ཡེ་ཤེས་ལས་བྱུང་བའི།།དམ་པ་གཉིས་ནི་ཐོབ་པར་ཤོག།ཅེས་གསུངས། 《六十正理论》: 以此之善根,回向诸众生,愿积福慧资,终得法色身。

མདོ་ཕལ་པོ་ཆེ་ལས།འོན་ཀྱང་བྱམས་དང་སྙིང་རྗེ་སྨོན་ལམ་གྱིས།།དེ་ལ་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ།།སྤྱད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན།།ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ།།ཞེས་གསུངས། 《华严经 》: 是事虽为难,发愿行慈悲,渐次具诸地,智者所能及。

མདོ་ཕལ་བོ་ཆེ་ལས།ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས།།ཤིན་ཏུ་སྨྲ་དཀའ་བལྟ་བར་མི་ནུས་པ།།དེ་ལྟར་བདེ་གཤེགས་སྲས་ཀྱི་ས་རྣམས་ཀྱང་།།ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས།།ཞེས་གསུངས། 《华严经》: 犹如空中之鸟迹,极难观见无法言,如是善逝佛子地,以意心境无法知。

དགྱེས་པའི་རྡོ་རྗེ་ལས།སེམས་ཅན་རྣམས་ནི་སངས་རྒྱས་ཉིད།།འོན་ཀྱང་གློ་བུར་དྲི་མས་བསྒྲིབས།།དེ་བསལ་ན་ནི་སངས་རྒྱས་ཉིད།།ཅེས་གསུངས། 《喜金刚续》: 众生本来佛,然以客尘遮,除彼乃真佛。

རྒྱལ་སྲས་ཞི་བ་ལྷས།བདག་གིས་གཞན་གྱི་སྡུག་བསྔལ་བསལ།།སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན།།བདག་གིས་གཞན་ལ་ཕན་པར་བྱ།།སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན།།ཞེས་གསུངས། 寂天菩萨: 吾应除他苦,他苦如自苦,吾当利乐他,有情如吾身。

ས་སྐྱ་པཎ་ཆེན་གྱིས།སྐྱེས་མཆོག་རང་གི་སྐྱོན་ལ་ལྟ།།སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ།།རྨ་བྱ་རང་གི་ལུས་ལ་རྟོག།སྲིན་བྱ་གཞན་ལ་ལྟས་ངན་གཏོང་།།ཞེས་གསུངས། 萨迦班智达: 圣士观察自过失,劣者观察他过失,孔雀观察自身体,鸱鸮给人起恶兆。

མདོ་ལས།ཇི་ལྟར་ཡན་ལག་ཚོགས་རྣམས་ལ།།བརྟེན་ནས་ཤིང་རྟར་བརྗོད་པ་ལྟར།།དེ་བཞིན་ཕུང་པོ་རྣམས་བརྟེན་ནས།།ཀུན་རྫོབ་སེམས་ཅན་ཞེས་བྱའོ།།ཞེས་གསུངས། 佛经: 如支分积聚,故称之为车,如是依诸蕴,俗谛名众生。

བསྟོད་པ་བརྒྱ་ལྔ་བཅུ་པ་ལས།བག་མེད་རྣམས་ནི་སྐྲགས་པར་མཛད།།མཁས་པ་རྣམས་ཀྱི་དགའ་བ་སྐྱེད།།བར་མ་རྣམས་ཀྱི་བློ་ཡང་སྤེལ།།གསུང་འདི་སྐྱེ་བོ་ཀུན་ལ་སྨན།།ཞེས་གསུངས། 《一百五十赞》: 愚者生怖畏,智者生欢喜,中者开智慧,彼语皆利之。

ཤེས་རབ་སྡོང་བུ་ལས།མཁས་རྣམས་རྣ་བར་མི་སྙན་ཡང་།།ཕན་ཚིག་སྨན་བཞིན་འཐུང་བར་གྱིས།།ཞེས་གསུངས། 《智慧树》: 智者闻逆言,饮之如良药。

འབྲོམ་སྟོན་པས།མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར།།དམའ་བ་རལ་གྲིའི་སོ་བཞིན་ཀུན་ནས་སྐྱོངས།།མཉམ་པ་རྨོས་དོར་བཞིན་དུ་དགའ་བར་འགྲོགས།།བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད།།ཅེས་གསུངས། 仲敦巴尊者: 对上者如帽子般顶戴,对下者如护刃般爱惜,对中者如耕牛般相处,凡做何事莫太过自我。

རྗེ་རིན་པོ་ཆེས།བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།བསམ་པ་ངན་ན་ས་དང་ལམ་ཡང་ངན།།ཐམས་ཅད་བསམ་པ་དག་ལ་རག་ལས་པས།།རྟག་ཏུ་བསམ་བཟང་ལ་འབད་པར་བྱ།།ཞེས་གསུངས། 宗喀巴大师: 心善地道亦贤善,心恶地道亦恶劣,一切依赖于自心,故应精勤修善心。

ཚད་མ་རྣམ་འགྲེལ་ལས།བླང་དང་དོར་བྱའི་དེ་ཉིད་ནི།།ཐབས་བཅས་རབ་ཏུ་ངེས་པ་ཡིས།།གཙོ་བོའི་དོན་ལ་མི་བསླུ་ཕྱིར།།གཞན་ལའང་རྗེས་སུ་དཔག་པ་ཡིན།།ཞེས་གསུངས། 《释量论》: 所取所舍性,及方便决定,要义无欺故,可比度其余。

དབུ་མ་བཞི་བརྒྱ་བ་ལས།སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ།།གང་ཞིག་ཐེ་ཚོམ་སྐྱེས་གྱུར་པ།།དེ་ཡིས་སྟོང་པ་ཉིད་བརྟེན་ཏེ།།དེ་ཉིད་ཁོ་ནར་ཡིད་ཆེས་བྱ།།ཞེས་གསུངས། 《四百论》: 若于佛所说,深事以生疑,可依无相空,而生决定信。

སློབ་དཔོན་ཕྱོགས་ཀྱི་གླང་པོས།རྣམ་རྟོག་མ་རིག་ཆེན་པོ་སྟེ།།འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན།།ཞེས་གསུངས 陈那论师: 妄念大无明,能堕轮回海。

ཚད་མ་རྣམ་འགྲེལ་ལས།བླང་དང་དོར་བྱའི་དེ་ཉིད་ནི།།ཐབས་བཅས་རབ་ཏུ་ངེས་པ་ཡིས།།གཙོ་བོའི་དོན་ལ་མི་བསླུ་ཕྱིར།།གཞན་ལའང་རྗེས་སུ་དཔག་པ་ཡིན།།ཞེས་གསུངས། 《释量论》: 所取所舍性,及方便决定,要义无欺故,可比度其余。

དབུ་མ་བཞི་བརྒྱ་བ་ལས།སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ།།གང་ཞིག་ཐེ་ཚོམ་སྐྱེས་གྱུར་པ།།དེ་ཡིས་སྟོང་པ་ཉིད་བརྟེན་ཏེ།།དེ་ཉིད་ཁོ་ནར་ཡིད་ཆེས་བྱ།།ཞེས་གསུངས། 《四百论》: 若于佛所说,深事以生疑,可依无相空,而生决定信。

དམ་ཆོས་པད་དཀར་ལས།བྱིས་པས་རྩེད་མོས་དེ་དང་དེ་དག་དུ།།གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དང་།།བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་།།དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར།།ཞེས་གསུངས། 《法华经》: 乃至童子戏,聚沙为佛塔,如是诸人等,皆已成佛道。

དམ་ཆོས་པད་དཀར་ལས།གང་གི་རང་བསྲེལ་གནས་པ་དེ་དག་ལ།།གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས།།ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་།།དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ།།ཅེས་གསུངས།། 《法华经》: 若人散乱心,入于塔庙中,一称南无佛,皆已成佛道。
