纽约佛学会

法语

上师在微信与微博上的文字 · 按时间倒序

藏文化 · 2018-09-02

རིན་ཆེན་སྤུངས་པའི་རྒྱུད་ལས།དངོས་པོ་གཤིས་ཀྱི་འདུག་ཚུལ་ལྟོས་དང་།སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར།བདེ་སྡུག་ཇི་ལྟར་བསམ་ཀྱང་།དོན་ལ་འགྱུར་བ་མེད་པ་ཧ་ཧ།ཞེས་གསུངས། 《宝积续》: 且观万法之实相,此等显现纤毫未改真稀有,无论思维苦或乐,实则无有改变哈哈。

藏文化 · 2018-09-01

མགོན་པོ་ཀླུ་སྒྲུབ་ཀྱིས།མཐོང་དང་མ་མཐོང་ཡོན་ཏན་འདི།།ཀུན་གྱི་རྩ་བ་ཤེས་རབ་ཡིན།།དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར།།ཤེས་རབ་ཡོངས་སུ་གཟུང་བར་བྱ།།ཞེས་གསུངས། 龙猛菩萨: 慧为见不见,一切功德本,为办此二故,应当摄受慧。

藏文化 · 2018-08-31

རྗེ་མི་ལས།བྲག་ལ་བསྒོམ་པའི་སྒོམ་ཆེན་དང་།།གྲོང་གནས་པའི་ཡོན་བདག་གཉིས།།སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡོད།།རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན།།ཞེས་གསུངས། 米拉日巴尊者: 山间静修大行者,及作供养之施主,彼二具有成佛缘,缘起精华即回向 。

藏文化 · 2018-08-30

རྣལ་འབྱོར་ཆེན་པོ་དྷེ་ཀེ་བཛྲ་གྱིས།རྒྱ་གྲོལ་རྣལ་འབྱོར་ནམ་ལངས་ཉི་ཤར་འདྲ།།ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ།།ཞེས་གསུངས། 大瑜伽士德阁班札: 逸然解脱瑜伽如日出,即是法身显现诶玛吙。

藏文化 · 2018-08-29

མི་ཕམ་རིན་པོ་ཆེས།མེ་སྟག་ཕྲ་མོ་མི་བཟོད་གཅེས་དགུ་ཡི་ལུས་ལ།།དམྱལ་བའི་ལྕགས་བསྲེག་ས་གཞི་སུ་ཞིག་གིས་བཟོད་ནུས།།ཞེས་གསུངས། 麦彭仁波切: 不忍微小火星贪爱之身体,何能堪忍燃烧地狱之铁地?

藏文化 · 2018-08-28

རྗེ་མི་ལ་རེ་པས།བྲག་དཀར་རྟར་སོ་གོང་མ་འདི།།བྱ་ཆེན་འཕུར་ན་གཤོགས་རྩ་འདར།།བྱ་ཆུང་འཕུར་ན་སེམས་རྩ་ལྷོད།།ང་མི་ལ་རེ་པ་འཕུར་ཀྱང་ནི།།སེམས་ལ་ཡ་ང་ཡོད་མ་ཡིན།།བུ་ལྟད་མོ་ལྟ་ན་འདི་ལ་ལྟོས།།རྐྱང་མ་བུ་གཅིག་ལ་ལྟད་མོ་མེད།།ཅེས་གསུངས། 米拉日巴尊者: 达索贡玛之白岩,大鸟飞翔翅膀抖,小鸟飞翔心胆颤,我米拉今此飞翔,心里无有毫无惧。弟子若赏观此景,野马母子有何看?

藏文化 · 2018-08-27

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས།ཚེ་འདི་ལས་ཕྱི་མ་གཅེས་པར་ཟུངས།།མི་ཆོས་ལས་ལྷ་ཆོས་དམ་པོར་ཟུངས།།རང་དོན་ལས་གཞན་དོན་གཙོ་བོར་ཟུངས།།འདི་བསླབ་བྱ་ལགས་སོ་ཐུགས་ལ་ཟུངས།།ཞེས་གསུངས། 协钦嘉察班玛南嘉: 来世比今生重要,正法比世法重要,利他比利己重要,此乃教言铭记心。

藏文化 · 2018-08-26

འཕགས་པ་དཀོན་མཆོག་ཏ་ལ་ལའི་མདོ་ལས།ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ།།བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས།།འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད།།ཅེས་གསུངས 《圣宝箧经》: 一切诸法如善逝,一切凡愚执相状,行持世间本无法。

藏文化 · 2018-08-25

ཀུན་མཁྱེན་ཀློང་ཆེན་པས།འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ལ།།སྤངས་ཐོབ་མེད་པའི་སྣང་སྲིད་འཁོར་འདས་ཤར།།གཟུང་འཛིན་མེད་པའི་རྣལ་འབྱོར་ངོ་ཁ་ལ།།མེད་ལ་སྣང་འདི་ཡ་མཚན་དགོད་པོ་འཆོར།།ཞེས་གསུངས 龙钦巴尊者: 不变觉性菩提中,现无断得轮涅相,无能所取瑜伽士,无而显现奇可笑!

藏文化 · 2018-08-24

དཔུང་བཟང་གིས་ཞུས་པ་ལས།རེ་ཞིག་ཅིག་ན་དགྲ་བོ་ཡང་མཛའ་བོར་འགྱུར།།མཛའ་བོ་ཡང་དེ་བཞིན་དགྲར་ཡང་འགྱུར།།དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར།།བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར།།དེ་བཞིན་མཛའ་བཤེས་འགྱུར་བར་་རིག་ནས་ནི།།བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ།།ཞེས་གསུངས། 《妙臂请问经》: 有时怨敌转为亲,亲爱如是亦为怨,如是一类为中庸,即诸中庸复为怨。 如是亦复为亲爱,具慧了知终莫贪,于亲当止爱分别,于心善法安乐住。

藏文化 · 2018-08-23

རྒྱལ་སྲས་ཞི་བ་ལྷས།བྱེ་མའི་ཁང་བུ་རྡིབ་གྱུར་ན།།བྱིས་པ་རྣམས་ནི་ག་ཆད་ངུ།།དེ་བཞིན་བསྟོད་དང་གྲགས་ཉམས་ན།།རང་གི་སེམས་ནི་བྱིས་བཞིན།།ཞེས་གསུངས། 《入行论》: 沙屋倾颓时,愚童哀极泣,若我伤失誉,岂非似愚童?

藏文化 · 2018-08-22

དྲན་པ་ཉེར་བཞག་ལས།ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི།།ལེ་ལོ་ཡིན་ཏེ་གང་ལ་ཡོད།།གང་ལ་ལེ་ལོ་གཅིག་ཡོད་པ།།དེ་ལ་ཆོས་ཀུན་མེད་པ་ཡིན།།ཞེས་གསུངས། 《正法念处经》: 诸烦恼之根,即是为懈怠,何人具懈怠,彼无诸善法。

藏文化 · 2018-08-21

མདོ་ལས།དོན་ལ་ངེས་པའི་གདིང་རྙེད་ན།།སེམས་ལས་ཆོས་གཏེར་འབུམ་ཕྲག་རྡོལཞེས་གསུངས། 佛经: 若于真如确信定解,心中流露十万法藏。

藏文化 · 2018-08-20

བཞི་བརྒྱ་པ་ལས།བསོད་ནམས་མ་ཡིན་དང་པོ་བཟློག།བར་དུ་བདག་ནི་བཟློག་དང་།།ཐ་མ་ལྟ་གཞི་ཀུན་བཟློག་པ།།གང་གིས་ཤེས་དེ་མཁས་པ་ཡིན།།ཞེས་གསུངས། 《四百论》: 先遮遣非福,中应遣除我,后遮一切见,知此为智者。

藏文化 · 2018-08-19

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།བླུན་པོ་རང་གི་རྗེས་སུ་མི་འབྲིང་ཡང་།།རང་ཉིད་བླུན་པོའི་རྗེས་སུ་མི་འབྲིང་བ།།དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་བྱ།།ཞེས་གསུངས། 根登群佩: 纵然愚者不随我,我绝不随愚者行,此乃智者第一誓,纵遇命难也守护。

藏文化 · 2018-08-18

བྱང་ཆུབ་ལམ་རིམ་ཆེན་མོ་ལས།བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།།སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།ཅེས་གསུངས། 《菩提道次第广论》: 圣教大宝未普及,虽遍迁灭于是方,愿由大悲动我意,光显如是利乐藏。

藏文化 · 2018-08-17

རྒྱལ་ཚབས་བྱམས་པས།འདི་ལ་བསལ་བྱ་ཅི་ཡང་མེད།།བཞག་པར་བྱ་བ་ཅུང་ཟད་མེད།།ཡང་དག་ཉིད་ལ་ཡང་དག་ལྟ།།ཡང་དག་མཐོང་ན་རྣམ་པར་གྲོལ།།ཞེས་གསུངས། 弥勒菩萨: 于此无所破,所立亦毫无,真实见真性,见真性解脱。

藏文化 · 2018-08-16

རྩ་ཤེས་ལས།ཡོད་ཅེས་བྱ་བ་རྟག་པར་འཛིན།།མེད་ཅེས་བྱ་བ་ཆད་པར་ལྟ།།དེ་ཕྱི་ཡོད་དང་མེད་པ་ལ།།མཁས་པ་གནས་པར་མི་བྱའོ།།ཞེས་གསུངས། 《中论》: 定有则著常, 定无则著断。是故有智者,不应著有无。

藏文化 · 2018-08-15

བཞི་བརྒྱ་པ་ལས།ཕལ་མོ་ཆེར་ན་མི་རྣམས་ནི།།དམ་པ་མ་ཡིན་ཕྱོགས་ཡོངས་འཛིན།།དེས་ན་སོ་སོའི་སྐྱེ་བོ་རྣམས།།ཕལ་ཆེར་ངེས་པར་ངན་འགྲོར་འགྲོ།།ཞེས་གསུངས། 《四百论》: 由于诸人类,多持不善品,以是诸异生,多堕于恶趣。

藏文化 · 2018-08-14

ཚད་མ་རྣམ་འགྲེལ་ལས།རྟོག་པའི་དྲ་བ་རྣམ་བསལ་ཞིང་།།ཟབ་དང་རྒྱ་ཆེ་སྐུ་མངའ་བ།།ཀུན་ཏུ་བཟང་པོའི་འོད་ཟེར་དག།ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།།ཞེས་གསུངས། 《释量论》: 敬礼于具足,除灭分别网,甚深广大身,遍放普贤光。