纽约佛学会

法语

上师在微信与微博上的文字 · 按时间倒序

藏文化 · 2018-09-21

རྣམ་འགྲེལ་ལས།ཐ་མའི་སེམས་ནི་སེམས་གཞན་དང་།།མཚམས་སྦྱོར་བ་ལ་འགལ་ཅི་ཡོད།།ཅེས་གསུངས། 《释量论》: 后心与余心,结续有何违?

藏文化 · 2018-09-21

རྣམ་འགྲེལ་ལས།ཐ་མའི་སེམས་ནི་སེམས་གཞན་དང་།།མཚམས་སྦྱོར་བ་ལ་འགལ་ཅི་ཡོད།།ཅེས་གསུངས། 《释量论》: 后心与余心,结续有何违?

藏文化 · 2018-09-20

འཕགས་ལྷས།ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས།།གཟུང་བར་མི་ནུས་དེ་བཞིན་དུ།།འཇིག་རྟེན་པ་ཡི་མ་གཏོགས་པ།།འཇིག་རྟེན་གཟུང་བར་ནུས་མ་ཡིན།།ཞེས་གསུངས། 圣天论师: 如对蔑戾车,余言不能攝,世间未通达,不能摄世间。

藏文化 · 2018-09-19

མགོན་པོ་ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས།སེམས་མཐོང་བ་ནི་བྱང་ཆུབ་སྟེ།།སེམས་ནི་འགྲོ་བ་ལྔ་པོ་ཡིན།།བདེ་དང་སྡུག་བསྔལ་མཚན་ཉིད་དག།སེམས་ལས་མ་གཏོགས་ཅུང་ཟད་མེད།།ཅེས་གསུངས། 龙猛菩萨《赞金刚心》: 见心即菩提,心乃五趣众,苦乐诸法相,除心无少许。

藏文化 · 2018-09-18

ལང་ཀར་གཤེགས་པ་ལས།ཕྱི་རོལ་སྣང་བ་ཡོད་མེད་དེ།།སེམས་ནི་སྣ་ཚོགས་རྣམས་སུ་སྣང་།།ལུས་དང་ལོངས་སྤྱོད་གནས་འདྲ་བ།།སེམས་ཙམ་དུ་ནི་ངས་བཤད་དོ།།ཞེས་གསུངས། 《楞伽经》: 外境悉非有,心变种种相,似身受用处,故我说唯心。

藏文化 · 2018-09-17

འཇམ་དཔལ་གྱིས་ལྟ་འདོད་མདོར་བསྟན་པ་ལས།ཕུང་པོ་རྣམ་དཔྱད་སྟོང་པ་ཉིད།།ཆུ་ཤིང་ཇི་བཞིན་སྙིང་པོ་མེད།།རྣམ་པ་ཐམས་ཅད་མཆོག་ལྡན་པའི།།སྟོང་ཉིད་དེ་ལྟར་འགྱུར་མ་ཡིན།།ཞེས་གསུངས། 《文殊欲见略说经》: 观察诸蕴皆空性,犹如芭蕉无实质;具诸殊胜之空性,并非如是之自性。

藏文化 · 2018-09-16

མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་ཞལ་ནས།རྒྱལ་བའི་བསྟན་པ་ཉམས་དམའ་ཞིངཿཚེ་དང་ལྡན་ཉམ་ཐག་ནཿསྟོན་པའི་ཐུགས་རྗེ་བསྐུལ་བར་གྱིསཿང་ལ་གསོལ་བ་ཡང་ཡང་ཐོབསཿཕྱི་ལྟར་འདུལ་ཁྲིམས་ལེགས་པར་བསྲུངསཿནང་ལྟར་བྱང་ཆུབ་སེམས་འབྱོངས་ནསཿགསང་བ་སྔགས་ཀྱི་གྲུབ་པ་བརྙེསཿཞེས་གསུངས། 大堪布静命菩萨: 若佛法衰败,修行人堪怜,祈请慈悲佛,再三祈祷我。外守净律仪,内修菩提心,密获秘成就。

藏文化 · 2018-09-15

མདོ་ཕལ་པོ་ཆེ་ལས།དཔེར་ན་བུ་རམ་མངར་བའི་རོ།།བརྗོད་པས་རོ་ནི་མི་མྱོང་སྟེ།།ཟོས་པས་རོ་ནི་མྱོང་བ་ལྟར།།དེ་བཞིན་སྟོང་པ་ཉིད་ཀྱི་རོ།བརྗོད་པས་དེ་ནི་མི་མྱོང་སྟེ།།སྒོམ་པས་རོ་ནི་མྱོང་བར་འགྱུར།།ཞེས་གསུངས། 《华严经》 比如糖甜味,说不能感受,咀嚼可品味。如是空性味,说不能感受,以修可品味。

藏文化 · 2018-09-14

མདོ་ཕལ་པོ་ཆེ་ལས།ཆུ་བོ་དང་ནི་རྒྱ་མཚོ་ལས།།གྲུ་དང་གཟིངས་བཅས་མཉན་པ་ཞིག།གཞན་དག་དེ་སྒྲོལ་བྱེད་ཀྱང་།།བདག་ཉིད་དེ་ན་འཆི་བ་བཞིན།།མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།།ཞེས་གསུངས། 《华严经》 河中大海上,具船之舟子,能度载他众,然自葬其中,不修法亦然。

藏文化 · 2018-09-13

ཕལ་པོ་ཆེ་ལས།དཔེར་ན་འོན་པ་རོལ་མོ་མཁན།།གཞན་དག་དེ་ཡིས་དགའ་བྱེད་ཀྱང་།།བདག་ཉིད་ཀྱི་ནི་མི་ཐོས་པ།།མ་སྒོམ་ཆོས་ཀྱང་དེ་བཞིན་ནོ།།ཞེས་གསུངས། 《华严经》 比如聋乐师,能令他众乐,然自听不见,不修法亦然。

藏文化 · 2018-09-12

རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།ཇི་སྲིད་སེམས་ལ་བརྟན་པ་མ་ཐོབ་བར།།ཕྱི་རོལ་ཡུལ་གྱིས་རབ་ཏུ་བསླུ་བས་ན།།དབེན་པའི་གནས་སུ་སྤྲོ་བས་གནས་པར་བྱ།།ཞེས་གསུངས། 《大圆满心性休息》: 乃至自己之内心,尚未获得稳固前,易受外境诱惑故,当喜安住静林间。

藏文化 · 2018-09-11

བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས།གཏིང་མཐའ་མེད་པའི་འཁོར་བ་ནི།།རྒྱ་མཚོའི་ནང་ན་རྣམ་པར་གནས།།འདོད་ཆགས་ལ་སོགས་མི་བཟད་པའི།།ཆུ་སྲིན་གྱིས་ནི་ལུས་ཟོས་པས།།དེ་རིང་གང་ལ་སྐྱབས་སུ་མཆི།།ཞེས་གསུངས། 陈那论师: 安住无边底,生死大海中,贪等极暴恶,大鲸嚼其身,今当归依谁。

藏文化 · 2018-09-10

རྒྱལ་སྲས་ཞི་བལྷས།ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།།གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།།དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།།འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།།ཞེས་གསུངས། 寂天菩萨: 犹如乌云暗夜中,刹那闪电极明亮,如是因佛威德力,世人暂萌修福意。

藏文化 · 2018-09-09

དམ་པ་གོ་མ་དག་གིས།གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ།ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ།རྟོགས་པ་རི་རྒྱལ་འདྲ་སྟེ་འཕོ་འགྱུར་མེད།ཅེས་གསུངས། 古大德: 理解如补丁,很快凋落;觉受如云雾,很快消散;证悟如山王,恒常不动。

藏文化 · 2018-09-08

འཆི་མེད་རྔ་སྒྲའི་གཟུངས་ལས།སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ།།དམ་པའི་ཆོས་ཀྱང་བསམ་མི་ཁྱབ།།འཕགས་པའི་དགེ་འདུན་བསམ་མི་ཁྱབ།།བསམ་མི་ཁྱབ་ལ་དད་རྣམས་ཀྱི།།རྣམ་པར་སྨིན་པའང་བསམ་མི་ཁྱབ།།ཅེས་གསུངས། 《无死鼓声陀罗尼经》: 诸佛不思议,正法不思议,圣僧不思议,于此生诚信,果报不思议。

藏文化 · 2018-09-07

ཆོས་རྗེ་ཡིད་བཞིན་ནོར་བུས།བསྟན་པ་ཐམས་ཅད་འགལ་མེད་འགལ་མེད་དུ་ཤེས་པར་གྱིས།བསྟན་འཛིན་རྣམས་ལ་ཕྱོགས་མེད་དུ་དག་སྣང་སྦྱོངས།ཞེས་གསུངས། 法王如意宝: 对所有佛教教派,要懂得互不相违;对所有持教大德,要无偏观清净心。

藏文化 · 2018-09-06

དཔལ་ས་ར་ཧའི་དོ་ཧ་ལས།ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་།།ནམ་ཡང་སྡུག་བསྔལ་འབའ་ཞིགབསྐྱེད་པར་ཟད།།ཅེས་གསུངས། 萨绕哈巴在《道情歌集》中说: 芝麻皮许之执著,亦永唯生痛苦已。

藏文化 · 2018-09-05

རིག་འཛིན་ཀུ་མཱ་རཱ་ཙས།གནས་ལུགས་རྟོགས་སམ་མ་རྟོགས་ཞེན་པ་དང་བྲལ་བ་དང་མ་བྲལ་བས་ཤེས།ཞེས་གསུངས། 大持明者格玛燃匝: 证没证悟实相,以远没远离耽著便可知晓。

藏文化 · 2018-09-04

ཚུལ་གསུམ་སྒྲོན་མེ་ལས།ཐབས་མང་དཀའ་བ་མེད་པ་དང་།།དབང་པོ་རྣོན་པོའི་དབང་བྱས་པས།།སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།།ཞེས་གསུངས། 《三相灯论》: 不难方便多,是为利根故,极胜秘密乘。

藏文化 · 2018-09-03

མདོ་ལས།ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད།།བཅོམ་ལྡན་འདས་ལ་གསོལ་འདེབས་པ།།བསོད་ནམས་དེ་ནི་ཁྱད་པར་འཕགས།།ཞེས་གསུངས། 佛经: 谛听梵天王,祈祷诸佛尊,福德极超胜。