纽约佛学会

法语

上师在微信与微博上的文字 · 按时间倒序

藏文化 · 2018-10-09

སློབ་དཔོན་ཀླུ་སྒྲུབ་ཀྱིས།བྱིས་པ་རྣམས་ནི་གཟུགས་ལ་ཆགས།།འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར།།གཟུགས་སོགས་ངོ་བོ་ཉིད་ཤེས་ནས།།བློ་མཆོག་རྣམས་ནི་གྲོལ་བར་འགྱུར།།ཞེས་གསུངས། 龙猛菩萨: 凡愚贪恋色,中者离贪欲,胜者已了悟,色等性解脱。

藏文化 · 2018-10-08

ཚངས་དབྱངས་མཚོའི་མགུར་གླུ་ལས།བྱ་དེ་ཁྲུང་ཁྲུང་དཀར་པོ།།གཤོག་རྩལ་ང་ལ་གཡོར་དང་།།ཐག་རིང་རྒྱང་ལ་མི་འགྲོ།།ལི་ཐང་བསྐོར་ནས་བསླེབ་ཡོང་།།ཞེས་གསུངས། 《仓央嘉措道歌》: 洁白的仙鹤啊,请把你的翅膀借给我,我不会飞到很远的地方,我到理塘转转就回来 。

藏文化 · 2018-10-07

རྒྱལ་སྲས་ཞི་བ་ལྷས།ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར།།སེམས་ཅན་དོན་ཀུན་བསྒྲུབ་བྱའི་ཕྱིར།།ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ།།བདག་གིས་སྤྱོད་པའང་དེ་འདྲར་ཤོག།།ཅེས་གསུངས། 寂天菩萨: 为于十方际,成办有情利,吾行愿得如,文殊圆满行。

藏文化 · 2018-10-06

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས།མི་ལ་ལྟ་བའི་མིག་ཡོད་ཀྱང་།།རང་ལ་ལྟ་ན་མེ་ལོང་དགོས།།རང་བློ་ནང་དུ་མ་བསྡུས་ན།།རང་སྐྱོན་རང་གིས་མཐོང་བར་དཀའ།།ཞེས་གསུངས། 《君规教言论》: 虽有见他人眼目,若观自己时需镜,倘若不内观自心,难以现见自过失。

藏文化 · 2018-10-05

གུང་ཐང་བསྟན་པའི་སྒྲོན་མེས།དུག་དང་སྨན་གྱི་མྱུ་གུ་ལས།།འབྲས་བུ་འཆོལ་བ་འགར་ཡང་མེད།།དགེ་དང་མི་དགེ་ལས་ལས་ཀྱང་།།འབྲས་བུ་གཞན་འབྱུང་གནས་མ་ཡིན།།ཞེས་གསུངས། 贡塘丹毕准美尊者: 毒与药之苗芽,结果毫无错乱,善与不善之业,不会生出他果。

藏文化 · 2018-10-04

མི་ཕམ་རིན་པོ་ཆེས།ལེགས་ཉེས་གང་དང་གང་མྱོང་ཡང་།།བསམ་དཔྱོད་ཅན་ལ་བློ་སྐྱེད་ཐོན།།སྐྱིད་སྡུག་བརྒྱ་ཕྲག་མཐོང་ན་ཡང་།།བསམ་མེད་བླུན་པོར་བོགས་སྐྱེད་མེད།།ཅེས་གསུངས། 麦彭仁波切: 无论享乐受痛苦,智者深思有促进,纵然百见苦与乐,无心愚者无收益。

藏文化 · 2018-10-03

ཆུ་ཤིང་བསྟན་བཅོས་ལས།གཙོ་བོ་བཟང་ཡང་འཁོར་ངན་ན།།དེ་ཡི་དྲུང་དུ་བསྟེན་པར་དཀའ།།གདུག་པའི་སྦྲུལ་གྱི་དཀྲིས་པ་ཡི།།ཙན་ཏན་ལྗོན་པ་སུ་ཡིས་བརྟེན།།ཞེས་གསུངས། 《水木格言》: 君主虽善眷恶,彼前亦难依止,毒蛇所缠旃檀,谁会依于其前。

藏文化 · 2018-10-02

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།བླ་མ་མཁྱེན།南无观世音菩萨,喇嘛钦

藏文化 · 2018-10-02

འཕགས་པ་ཀླུ་སྒྲུབ་ཀྱིས།སེམས་ཅན་ཀུན་ལ་ཕན་སེམས་བསྐྱེད།།རེས་འགའ་རྩྭ་བཞིན་ཞུམ་པར་བྱ།།རེས་འགའ་མེ་བཞིན་སྦར་བར་གྱིས།།རེས་འགའ་གངས་རི་ལྟ་བུར་གྱིས།།རེས་འགའ་དམག་ལ་ངར་བ་བཞིན།།ཞེས་གསུངས། 龙猛菩萨: 于众饶益心,或如草丝柔,或如火炽盛,或如山傲然,或如军猛厉。

藏文化 · 2018-10-01

ཕྱག་ཆེན་ཐིག་ལེ་ལས།དབང་མེད་ན་ནི་དངོས་གྲུབ་མེད།།བྱེ་མ་བཙུར་ཡང་མར་མེད་བཞིན།།གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས།།དབང་བསྐུར་མེད་པར་འཆད་བྱེད་པ།།སློབ་དཔོན་སློབ་མ་ཤི་མ་ཐག།དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ།།ཞེས་གསུངས། 《大手印明点》: 若无灌顶无成就,如同榨沙不出油。若于未得灌顶者,何人傲慢传续典,师徒二者命终时,纵得悉地堕地狱。

藏文化 · 2018-09-30

བཞི་བརྒྱ་པ་ལས།བསམ་པས་བྱང་ཆུབ་སེམས་དཔའ་ལ།།དགེའམ་ཡང་ན་མི་དགེ་བ།།ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ།།གང་ཕྱིར་སེམས་དེ་གཙོ་བོའི་ཕྱིར།།ཞེས་གསུངས། 《四百论》: 菩萨由意乐,若善若不善,一切成妙善,以意自在故。

藏文化 · 2018-09-29

སློབ་དཔོན་ཀླུ་སྒྲུབ་ཀྱིས།ཤིན་ཏུ་བླུན་པ་ལ་ལ་དག།འཆི་བའི་རྣམ་པ་རབ་བརྗེད་ནས།།བྱ་བ་མང་པོ་རྩོམ་བྱེད་པ།།བདུད་ཀྱིས་བསླུས་པར་ཤེས་པར་བྱ།།ཞེས་གསུངས། 龙猛阿阇梨: 极其愚痴者,忘失终将死,欲造种种事,当知魔所惑。

藏文化 · 2018-09-28

གྱང་ར་མཐོན་པོའི་ནང་གི་བཙོན་པ་འདི་ཚོ་ལ་ཡང་མཛེས་སྡུག་གི་འཛུམ་མདངས་ལྡན། ངས་འདི་དག་ལ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བསླབས་པ་ཡིན།

藏文化 · 2018-09-28

མདོ་ཕལ་པོ་ཆེ་ལས།སྟོན་པ་འཇིག་རྟེན་ཁམས་བྱོན་ནས།།འཇིག་རྟེན་མ་རིག་མུན་པ་བསལ།།དེ་འདྲའི་འཇིག་རྟེན་སྒྲོན་མེ་མཆོག།མཇལ་བ་འདི་ནི་ངོ་མཚར་ཆེ།།ཞེས་གསུངས། 《华严经》: 如来出世间,为世除痴冥,如是世间灯,希有难可见。

藏文化 · 2018-09-27

ཟླ་གྲགས་ཀྱི་དབུ་མ་བཞི་བརྒྱ་བའི་རྒྱ་ཆེར་འགྲེལ་ལས།རྟོག་གེའི་གཞུང་ལུགས་མུན་པས་བཀག་པ་ཡི།།བློ་ཡི་མིག་འདི་ད་ལྟ་ཕྱེ་བྱས་ནས།།བསོད་ནམས་གང་ཐོབ་དེ་ཡིས་སྐྱེ་བོ་འདི།།ཡོངས་ཀྱིས་དེ་ཉིད་བློ་མིག་གིས་མཐོང་ཤོག།ཅེས་གསུངས། 月称论师《四百论广释》: 寻思论典的黑暗所遮蔽的心眼,当下已经开启。以此获得之福德,祈愿众生得到现见真如的慧眼。

藏文化 · 2018-09-26

རིག་འཛིན་ཚངས་དབྱངས་རྒྱ་མཚོས།ལྕང་མ་བྱེའུར་སེམས་ཤོར།།བྱེའུ་ལྕང་མར་སེམས་ཤོར།།སེམས་ཤོར་མཐུན་པ་བྱུང་ན།།བྱ་ཁྲ་ཧོར་པས་མི་ཐུབ།།ཅེས་གསུངས། 持明仓央嘉措: 柳树爱上了小鸟, 小鸟对柳树倾心。只要情投意合, 鹞鹰也无隙可乘。

藏文化 · 2018-09-25

སློབ་དཔོན་ཟླ་བ་གྲགས་པས།མ་རིག་གཉིད་ལས་སངས་ཕྱིར་དང་།།བློ་རྒྱས་ཕྱིར་ན་སངས་རྒྱས་ཡིན།།ཞེས་གསུངས། 月称论师: 苏醒无明眠,增智故名佛。

藏文化 · 2018-09-24

མགོན་པོ་ཀླུ་སྒྲུབ་ཀྱིས།གཞན་གྱི་ཡུལ་ན་གནས་པ་དང་།།གཞན་གྱི་འཚོ་བས་འཚོ་བའི་ཚེ།།ཇི་ལྟ་བུར་ནི་བརྙས་གྱུར་ཀྱང་།།ཁ་རོག་འདུག་པས་བདེ་བ་འཐོབ།།ཞེས་གསུངས། 怙主龙猛菩萨: 若住他人处,仰他人鼻息,如何受轻蔑,不语最适宜。

藏文化 · 2018-09-23

ས་སྐྱ་པཎ་ཆེན་གྱིས།སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ།།བསྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ།།བློ་གསལ་དབང་པོ་པདྨའི་ངང་ཚུལ་ཅན།།རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན།།ཞེས་གསུངས། 萨迦班智达: 持戒具德静命尊,禁行成就莲花生,明智自在莲花戒,此为浊世第二佛。

藏文化 · 2018-09-22

ནམ་མཁའ་མཛོད་ཀྱི་ཞུས་པའི་མདོལས།ཇི་ལྟར་བསྐལ་པ་བྱེ་སྟོང་བརྗོད་ཀྱང་།།སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར།།དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི།།བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ།།ཞེས་གསུངས། 《虚空藏请问经》: 纵演千百劫,佛智无有边,如是持正法,彼福亦无量。