ཀུན་མཁྱེན་ཀློང་ཆེན་པས།སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས།།རང་སྣང་ཤེས་པས་ཉམས་སྣང་གྲོགས་སུ་འཆར།།སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས།།འཁྲུལ་བ་ཞེན་ལོག་གནད་དུ་ཆེ་བ་ཡིན།།ཞེས་གསུངས། 全知龙钦巴: 有时观察自现之顺缘,了知自现觉受现助伴;有时观察有害之逆缘,即是断除迷执大要点。

上师在微信与微博上的文字 · 按时间倒序
ཀུན་མཁྱེན་ཀློང་ཆེན་པས།སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས།།རང་སྣང་ཤེས་པས་ཉམས་སྣང་གྲོགས་སུ་འཆར།།སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས།།འཁྲུལ་བ་ཞེན་ལོག་གནད་དུ་ཆེ་བ་ཡིན།།ཞེས་གསུངས། 全知龙钦巴: 有时观察自现之顺缘,了知自现觉受现助伴;有时观察有害之逆缘,即是断除迷执大要点。

ཚོམས་ལས།སྐྱེས་པ་བུད་མེད་མང་པོ་དང་།།དར་ལ་བབ་པའང་འཆི་འགྱུར་ན།།དེ་ལ་མི་འདི་གཞོན་ཞེས་ཏེ།།གསོན་པའི་གདེང་དྲོད་ཅི་ཞིག་ཡོད།།ཁ་ཅིག་མངལ་དུ་འཆི་བར་འགྱུར།།དེ་བཞིན་ཁ་ཅིག་བཙས་པའི་སར།།དེ་བཞིན་ཁ་ཅིག་གོག་ཙམ་ན།།དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།།ལ་ལ་རྒན་དང་ལ་ལ་གཞོན།།ལ་ལ་དར་ལ་བབ་པའི་མི།།རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ།།འབྲས་བུ་སྨིན་པ་ལྟུང་བ་བཞིན།།ཞེས་གསུངས། 《法集要颂经》: 若众多男女,强壮亦殁亡,何能保此人,尚幼能定活?一类胎中死,或是临产时,又有始能爬,亦有能行走,有老有幼稚,亦有中年人,渐次当趣没,犹如堕熟果。

འདོད་པའི་ཚོམས་ལས།ཀཱར་ཥཱ་པ་ཎིའི་ཆར་བབས་ཀྱང་།།འདོད་པ་རྣམས་ཀྱིས་ངོམས་མི་འགྱུར།།འདོད་པ་མནོག་ཆུང་ཉེས་མང་བ།།མཁས་པ་རྣམས་ཀྱིས་ཁོང་དུ་ཆུད།།ཅེས་གསུངས། 佛经: 纵降金钱雨,世人无满足,财具患无义,智者皆通达。

གཏམ་པདྨ་ཚལ་གྱི་ཟློས་གར་ལས།གློ་བུར་ངེས་འབྱུང་རཱ་ཛའི་ཆོ་འཕྲུལ་ཡིན།།དེ་སྙིང་པོ་མེད་པ་མ་དགོངས་སམ།།འཕྲལ་སྣང་དད་པ་བློ་ཡི་འགྱུར་བག་ཡིན།།དེ་ལ་ནམ་ཕུག་མེད་པ་མ་དགོངས་སམ།།ཞེས་གསངས། 《莲苑歌舞》: 暂时的出离,是魔王之幻变,难道不知道它毫无意义吗?偶尔的信心,是心态之变换,难道不知道它并不长久吗?

མགོན་པོ་ཀླུ་སྒྲུབ་ཀྱིས།ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ།།རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས།།ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན།།ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས།།ཞེས་གསུངས། 龙猛菩萨: 佛说一切财产中,知足乃为最殊胜,是故应当常知足,知足无财真富翁。

རྒྱལ་སྲས་ཞི་བ་ལྷས།ཆོག་ཤེས་བདེ་སྤྱད་གང་ཡིན་པ།།དབང་པོས་ཀྱང་ནི་རྙེད་པར་དཀའ།།ཞེས་གསུངས། 寂天菩萨: 天王亦难享,知足闲居欢。

མདོ་ལས།བདག་ཉིད་བདག་གི་མགོན་ཡིན་གྱི།།གཞན་ལྟ་སུ་ཞིག་མགོན་དུ་འགྱུར།།བདག་ཉིད་བདག་གི་མགོན་གྱུར་པས།།སྡུག་བསྔལ་ཀུན་ལས་རབ་ཏུ་ཐར།།ཞེས་གསུངས། 佛经: 自为自怙主,余者岂可怙?自成自怙主,解脱一切苦。

རྒྱུད་ལས།སློབ་དཔོན་མཉེས་པར་མ་བྱས་ཤིང་།།དབང་རྣམས་ཐོབ་པར་མ་བྱས་པར།།ཉན་པ་ལ་སོགས་བརྩོན་པ་རྣམས།།འབྲས་བུ་མེད་ཅིང་བརླག་པར་འགྱུར།།ཞེས་གསུངས། 续部: 若未令师喜,若未获灌顶,于此听闻等,无果而坏己。

རྫ་དཔལ་སྤྲུལ་རིན་པོ་ཆེས།ཉོན་མོངས་ཆུང་ན་སྡུག་བསྔལ་ཆུང་།།ཉོན་མོངས་ཟད་ན་སྡུག་བསྔལ་ཟད།།དེ་ཕྱིར་མི་འདོད་ཀུན་གྱི་གཞི།།ཉོན་མོངས་དགའ་བོ་བཅོམ་ན་ལེགས།།ཞེས་གསུངས། 华智仁波切: 烦恼弱则痛苦消,烦恼灭则痛苦尽,若欲断除诸苦根,摧毁惑敌极微妙。

གཏམ་པདྨ་ཚལ་གྱི་ཟློས་གར་ལས།གོང་གི་དཔོན་ལ་འཇལ་འཇལ་ནི་འཇལ་ཡོད།།འཇལ་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།།འོག་གི་གཡོག་ལ་བྱིན་བྱིན་ནི་བྱིན་ཡོད།།བྱིན་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།།བར་གྱི་གཉེན་ལ་བསྐྱང་བསྐྱངས་ནི་བསྐྱངས་ཡོད།།བསྐྱང་ཚོད་མི་འདུག་གང་དགའ་རུ་བསྐྱུར་ཐོངས།།སྡང་བའི་དགྲ་ལ་འཐབ་འཐབ་ནི་འཐབས་ཡོད།།འཐབ་ཚོད་མི་གང་དགའ་རུ་བསྐྱུར་ཐོངས།།རྨོས་པའི་ཞིང་ལ་བཏབ་བཏབ་ནི་བཏབ་ཡོད།།འདེབས་ཚོད་མི་འདུག་ཐལ་རྒོད་དུ་བསྐྱུར་ཐོངས།།བརྩེགས་པའི་མཁར་དུ་བསྡད་བསྡད་ནི་བསྡད་ཡོད།།འདུག་ཚོད་མི་འདུག་དབེན་རི་ལ་ཆས་འགྲོ།།བཟའ་བའི་ཟས་ཟོས་ཟོས་ནི་ཟོས་ཡོད།།ཟ་ཚོད་མི་འདུག་དཀའ་ཐུབ་ལ་བསྟེན་འགྲོ།།བགོ་བའི་གོས་ལ་གྱོན་གྱོན་ནི་གྱོན་ཡོད།།གྱོན་ཚོད་མི་གཅེར་བུ་ལ་འཕྱོངས་འགྲོ།།ད་བྱེད་ད་བྱེད་ལྷ་ཆོས་རང་བྱེད་དོ།།ད་སྒྲུབ་ད་སྒྲུབ་འཆི་ཆོས་ཤིག་སྒྲུབ་བོ།།དམ་བཅའ་ཡིན་ནོ་ལྷ་རྣམས་ཀྱིས་དགོངས་མཛོད།།ཁས་ལེན་ཡིན་ནོ་རང་སེམས་འདི་དཔང་ངོ་།།ཞེས་གསུངས། 《莲苑歌舞》: 于上长官数数已交税,交税无止随缘而放弃;于下仆人数数已赏赐,赏赐无止随缘而放弃;于中亲友数数已呵护,呵护无止随缘而放弃;于己怨敌数数已争斗,争斗无止随缘而放弃;于己良田数数已种植,种植无止抛舍成荒地;于己屋室数数已居住,居住无止徒步入空山;于己食物数数已享用,享用无止就此修苦行;于己衣裳数数已穿着,穿着无止赤身而远去。当机立断迅速修佛法,当机立断迅速修死道,我此誓言诸佛请垂念,我此承诺自心为见证。

མདོ་རྒྱ་ཆེར་རོལ་བ་ལས།དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་ལས་སུ་རུང་བར་བྱེད་དོ།ཞེས་གསུངས། 《方广游戏经》: 信心开启诸法之门,亦令自心堪能。

དཔལ་སྤྲུལ་རིན་པོ་ཆེས།ང་རྒྱལ་ཅན་ལ་མགུ་དུས་མེད།།ཕྲག་དོག་ཅན་ལ་དགའ་དུས་མེད།།འདོད་ཆགས་ཅན་ལ་ཆོག་དུས་མེད།།ཞེ་སྡང་ཅན་ལ་མཐུན་དུས་མེད།།སེར་སྣ་ཅན་ལ་ཡོད་དུས་མེད།།གཏི་མུག་ཅན་ལ་འགྲུབ་དུས་མེད།།འཁྲུལ་བའི་སེམས་ལ་བདེ་དུས་མེད།།ཅེས་གསུངས། 华智仁波切: 傲慢者无满足之时,嫉妒者无欢喜之时,贪欲者无餍足之时,嗔恨者无和睦之时,吝啬者无具财之时,愚痴者无成事之时,心乱者无快乐之时。

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།བླ་མ་བཟང་ངན་སློབ་མའི་ཁྱད་ཀྱིས་ཤེས།།ཞེས་གསུངས། 贡智云登加措: 上师的好坏,由弟子的言行而推知。

འགྲུལ་བཞུད 红 • 尘——2018索达吉堪布在非洲
སློབ་དཔོན་དབྱིག་གཉེན་གྱིས།ཚུལ་གནས་ཐོས་དང་བསམ་ལྡན་པ།།སྒོམ་པ་ལ་ནི་རབ་ཏུ་སྦྱོར།།ཞེས་གསུངས། 世亲论师: 守戒具足闻思慧,极为精勤而修行。

དགྱེས་རྡོར་ལས།ལུས་ལ་ཡེ་ཤེས་ཆེན་པོ་གནས།།རྟོག་པ་ཐམས་ཅད་ཡང་དག་སྤངས།།དངོས་པོ་ཀུན་ལ་ཁྱབ་པ་པོ།།ལུས་གནས་ལུས་ལས་མ་སྐྱེས་པའོ།།ཞེས་གསུངས། 《喜金刚》: 身住大智慧,远离诸分别,遍诸事物者,住身非身生。

ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས།སེམས་ཅན་མོས་པ་སྣ་ཚོགས་པ།།ཐ་དད་པ་ཡི་ལྷ་དམིགས་ཏེ།།རིན་ཆེན་སེམས་ནི་རྣམ་གྲོལ་ལས།།ལྷ་གཞན་བསྒྲུབ་ཏུ་ཡོད་མ་ཡིན།།ཞེས་གསུངས། 龙猛菩萨《赞金刚心》: 众生意乐异,所缘本尊异,心宝解脱外,无修余本尊。

དགྱེས་རྡོར་ལས།གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས།།གང་དུ་ཡང་ནི་མི་རྙེད་དེ།།བླ་མས་དུས་ཐབས་བསྟན་པ་དང་།།རང་གི་བསོད་ནམས་ལས་ཤེས་བྱ།།ཞེས་གསུངས། 《喜金刚》: 非由他说俱生智,何处亦不可获得,唯有上师方便示,依自福德而了悟。

ཏིང་འཛིན་རྒྱལ་པོ་ལས།བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ།།འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད།།འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར།།ཞེས་གསུངས། 《三摩地王经》: 如来藏遍诸有情,于此无有非法器,此等众生皆成佛。

ས྄་སྐྱ་གྲགས་པ་རྒྱལ་མཚན་གྱིས།དད་པ་དམན་ཞིང་དགེ་བའི་བློ་གྲོས་དམན།།ཆོས་ལ་འཇུག་པའི་སྐལ་བ་དམན་རྣམས་ཀྱང་།།བདག་གིས་ཐབས་མཁས་འཕྲིན་ལས་སྣ་ཚོགས་ཀྱིས།།ཀུན་ཀྱང་དབང་འདུས་དགེ་ལསྦྱོར་བར་ཤོག།ཅེས་གསུངས། 萨迦扎巴嘉村: 信心智慧善根皆低劣,无缘趣入正法诸有情,以我善巧方便事业力,摄受彼等行持诸善法。
