ཀུན་མཁྱེན་མི་ཕམ་པས།ནམ་ཞིག་བཟང་ཤོང་ངན་ཤོང་བའི།།མཐོང་རྒྱ་ཡངས་པོ་སྐྱེས་པ་ན།།ད་གདོད་སྐྱེ་བོའི་གྲལ་དུ་ཚུད།།དེ་ཕྱིར་མཐོང་རྒྱ་ཆེ་བ་གཙོ།།ཞེས་གསུངས། 全知麦彭仁波切: 一旦胸怀极宽广,接受好坏诸事时,方能位列正人中,是故广见极为要。

上师在微信与微博上的文字 · 按时间倒序
ཀུན་མཁྱེན་མི་ཕམ་པས།ནམ་ཞིག་བཟང་ཤོང་ངན་ཤོང་བའི།།མཐོང་རྒྱ་ཡངས་པོ་སྐྱེས་པ་ན།།ད་གདོད་སྐྱེ་བོའི་གྲལ་དུ་ཚུད།།དེ་ཕྱིར་མཐོང་རྒྱ་ཆེ་བ་གཙོ།།ཞེས་གསུངས། 全知麦彭仁波切: 一旦胸怀极宽广,接受好坏诸事时,方能位列正人中,是故广见极为要。

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།ཕྱི་ཡི་ཡུལ་རྫོང་དཀོན་མཆོག་སྐྱབས་སུ་བསྙེན།།ནང་མཁར་རྫོང་དྲན་ཤེས་བག་ཡོད་བསྟེན།།གསང་བའི་ཁྲབ་རྫོང་ཟང་ཐལ་རིག་སྟོང་བསྒོམ།།རྫོང་གསུམ་འཛོམས་ལ་བདུད་སྡེས་གླག་མི་རྙེད།།ཅེས་གསུངས། 法王晋美彭措: 祈祷皈依三宝外碉堡,正知正念谨慎内碉堡,修持通彻觉性密碉堡,具三碉堡魔众不可害。

མཁན་ཏེ་པ་རིན་པོ་ཆེས།ས་གར་སོང་བདེ་བའི་རྐྱེན་དུ་སྣང་།།མི་སུ་འཕྲད་མཐུན་པའི་བཤེས་དང་གཉེན།།ཡུལ་གང་ཐོན་སྐྱིད་པའི་ཕ་ཡུལ་དངོས།།དེ་སྐྱབས་གནས་བརྩན་པའི་ཐུགས་རྗེ་ལགས།།ཞེས་གསུངས། 堪布德巴仁波切: 去于何处快乐因,见于何人善知识,住于何处快乐乡,此乃三宝之加持。

དམ་པ་གོང་མ་དག་གིས།རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས།།ཡི་དམ་ལྷ་ཡི་ས་རྗེས་བཟུང་དངོས་གྲུབ་ཐོབ།།མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས།།གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག།ཅེས་གསུངས། 古大德: 本传上师加持入心间,诸天本尊摄受得悉地,空行护法如影而随形,成办一切所欲增吉祥。

མཛོད་ལས།དམག་ལ་སོགས་པ་དོན་གཅིག་ཕྱིར།།ཐམས་ཅད་བྱེད་པ་པོ་བཞིན་ལྡན།།ཞེས་གསུངས། 《俱舍论》: 军兵等为同一事,一切人均如作者。

སློབ་དཔོན་རྟ་དབྱངས་ཀྱིས་ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་ལས།ཆོས་ཀུན་སྟོང་པ་ཉིད་རྟོགས་པས།།འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང་།།ཐབས་མཁས་སྤྱོད་པ་མཐའ་ཡས་པ།།ངེས་འབྱང་མཆོག་གི་སྤྱོད་པ་ཡིན།།ཞེས་གསུངས། 马鸣菩萨《修世俗菩提心论》: 由达诸法空,生悲众生流,无边巧便行,是胜出离行。

སྒྱུ་འཕྲུལ་ལས།སངས་རྒྱངས་མྱ་ངན་ཡོངས་མི་འདའ།།ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།།མ་རིག་སྨིན་མཛད་འདུལ་བའི་ཕྱིར།།བྱུང་ནས་མྱ་ངན་འདའ་བར་སྟོན།།ཞེས་གསུངས། 《幻化网续》: 佛陀不涅槃,佛法不隐没,为调无明众,示现生灭相。

ཚོམས་ལས།སྔ་དྲོ་སྐྱེ་བོ་མང་མཐོང་བ།།ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།།ཕྱི་དྲོ་སྐྱེ་བོ་མང་མཐོང་བ།།སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།།ཞེས་གསུངས། 《法集要颂经》: 上日见多人,下日有不见,下日多见者,上日有不见。

ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།ངེད་འདིར་ཚོགས་སྐལ་ལྡན་ཕོ་མོ་ཡི།།ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས།།ངག་མི་འགྱུར་བདེན་ཚིག་ནུས་པ་སྩོལ།།སེམས་ཆོས་སྐུའི་རང་ཞལ་མངོན་སུམ་སྟོན།།རྗེ་ཁྱེད་དང་དབྱེར་མེད་བྱིན་གྱིས་རློབས།།ཞེས་གསུངས། 法王晋美彭措: 吾等男女有缘众,身堡聚诸护法神,语得不变谛实力,心现见法身本面,与您无别求加持。

སློབ་དཔོན་ཀླུས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ཉིད་རྣམ་པར་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པའི་རྣམ་མཆོག་མཐོང་། །ཞེསགསུངས། 龙猛菩萨: 缘起法是佛陀宣说的所有法藏中,最甚深、最珍贵之法。若见到缘起法,就会以智慧的形相见到佛陀。

རྟེན་འབྲེལ་བསྟོད་པ་ལས།སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་།།ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས།།འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན།།ཕུལ་བྱུང་ལེགས་པར་ཁྱོད་མིན་གཞན་གྱིས་མིན།།ཞེས་གསུངས། 《缘起赞》: 讲说之中缘起说,妙慧之中缘起慧,犹如世间之君王,超胜绝伦唯您知。

དཔལ་སྤྲུལ་རིན་པོ་ཆེས།རྒན་པོའི་སློབ་གཉེར་གཞོན་ནུའི་ཉམས་ལེན་འདི།།བསྟན་དང་འགྲོ་བའི་དོན་དུ་འགྱུར་དཀའ་བས།།ཞེས་གསུངས། 华智仁波切: 年老闻思年轻修行法,难以成办弘法利生事。

རྗེ་ཙོང་ཁ་བ་བློ་བཟང་གྲགས་པས།མཛད་པ་ཀུན་ལས་གསུང་གི་ནི།།མཛད་པ་མཆོག་ཡིན་དེ་ཡང་ནི།།དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།འདི་ལས་སངས་རྒྱས་རྗེ་དྲན་བྱོས།།ཞེས་གསུངས། 宗喀巴大师: 您之一切事业中,语之事业最殊胜,语之最即缘起故,智者依此随念佛。

ཉམས་མྱོང་རྒན་པོའི་འབེལ་གཏམ་ལས།གཞོན་དུས་རྐང་ཞིག་འཛུག་ཐུབ་ན།།རྒས་ཀྱང་ལག་ལེན་སླ་ཚོད་རེད།།ཆོས་ཀྱི་གནད་ཅིག་གོ་བྱུང་ན།།ཅི་བྱས་ཆོས་སུ་འགྲོ་ཚོད་རེད།།ཅེས་གསུངས། 《经验老人漫谈》: 若年轻时打好佛法基础,年迈时修行则很容易。若懂得一切佛法要义,所作则成为修行正法。

ཆོས་རྗེ་ཡིད་བཞིན་ནོར་བུའི་བརྡ་གླུ་ལས།ཇོ་ཇོ་གྲོགས་ལ་བཀུག་ནས།།ངེས་མེད་ཡུལ་དུ་འཁྱམ་འགྲོ།།དགའ་སྐྱོ་འཕེལ་བའི་ལྟད་མོ།།མང་པོ་མིག་གིས་མཐོང་ཡོང་།།ཞེས་གསུངས། 法王如意宝《暗示道歌》: 伴随长子文殊尊,云游种种诸世界,必将亲睹极欢喜,以及忧伤之游戏。

སློབ་དཔོན་དབྱིག་གཉེན་གྱིས།ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་།།ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ།།འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ།།གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད།།ཅེས་གསུངས། 世亲论师: 对治烦恼敌,救护恶趣众,救治称论典,余宗无此二。

འཕགས་པ་ཀླུ་སྒྲུབ་ཀྱིས།མི་ཡི་ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་བགྲོད་པ་ཐག་མི་རིང་།།ལྷ་དང་མི་ཡི་ཐེམ་སྐས་ལ།།འཛེགས་ན་ཐར་བ་གམ་ན་གནས།།ཞེས་གསུངས། 龙猛菩萨: 若行世间法,生天不遥远;若攀人天梯,解脱近在前。

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས།རང་ཉིད་བདེ་བར་གནས་པ་ཕལ།།ཕ་རོལ་ཉམས་ལ་གནས་པ་དཀོན།།གཞན་གྱི་ཁོང་དུ་ཞུགས་པ་ལྟའི།།བསམ་དཔྱོད་ཅན་གྱི་རྗེ་བོ་བཟང་།།ཞེས་གསུངས། 《君规教言论》: 多数自己享乐者,关心他人极稀少,犹如入于他心中,明知实情乃智者。

དགེ་བཤེས་པུ་ཏོ་བའི་ཞལ་ནས།ང་ཚོར་མི་འོས་པ་ཞིག་གློ་བུར་དུ་བྱུང་བ་མིན།མི་འོས་པ་ཞིག་ན་བ་མིན།ཤི་མི་འོས་པ་ཞིག་ཤི་བ་མིན།ཁ་ཆག་སྣ་རལ་ཡོང་མི་འོས་པ་ཞིག་བྱུང་བ་མིན།ན་རྒྱུ་ཞིག་ན་བ་དང་།ཤི་རྒྱུ་ཞིག་ཤི་བ་ཡིན།།གང་ལྟར་སྐྱེ་རྒ་ན་འཆིའི་སྡིག་བསྔལ་འདི་མ་འོས་པ་ཞིག་གློ་བུར་དུ་ཐོག་ཏུ་བབས་པ་མིན། སྐྱེ་རྒ་ན་འཆི་འདོད་ཀྱི་མི་འདུག་ན་སྐྱེ་བའི་རྒྱུན་གཅོད་དགོས། སྐྱེ་བའི་རྒྱུན་ཆོད་པ་ལ་ཉོན་མོངས་པ་ཟད་དགོས། དེ་ལ་ཉོན་མོངས་དང་འཐབ་དགོས་ཞེས་གསུངས་སོ། 博多瓦格西: 很多事情并不是不该发生,不是不该病的病了、不该死的死了、不该倒霉的倒霉了,而是该病的病了、该死的死了。 生老病死的痛苦,不是不该发生的突然发生了。 若不想生老病死,就要根除“生”。要根除“生”,就要断除烦恼。所以,要与烦恼作战。

རྒྱ་གར་དམ་པས།བྱིན་རླབས་སེམས་ལས་འབྱུང་བ་ཡིན་པས་བླ་མ་དང་ཡི་དམ་གསོལ་བ་ཐོབ།།ཅེས་གསུངས། 印度帕丹巴尊者: 加持是由心而产生,要多祈祷上师本尊。
